མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚོགས་ཆེན་གཉིས་ཀྱི་གྲངས་གཞི་ཆེན་པོ་སྟེ་ལོ25ནས30བར་གྱི་གཞོན་ནུ་ཚོས་ཁོར་ཡུག་བཅོས་སྐྱོང་ལ་དོ་ཁུར་བྱེད་བཞིན་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།  2014-03-08 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་ནང་ཚོགས་ཆེན་གཉིས་ཀྱི་ཐོག་འཐུས་མི་དང་ཨུ་ཡོན་ཚོས་སྲིད་གཞུང་ལས་དོན་སྙན་ཞུར་གྲོས་ཞིབ་དང་གྲོས་སྡུར་གནང་ཡོད་པ་དང་ཚོགས་འདུའི་ཕྱི་རོལ་གྱི་སྤྱི་ཚོགས་ཐོག་གི་མང་ཚོགས་ཀྱིས་སྙན་ཞུར་གྲོས་སྡུར་ཚ་ཚ་འུར་འུར་བྱས་ཡོད། ཡང་སྙིང་ཁོང་ཚོས་གང་ཞིག་ལ་དོ་ཁུར་བྱེད་ཀྱི་ཡོད་དམ་ཞེ་ན། ཚོགས་ཆེན་གཉིས་ཀྱི་གྲངས་གཞིར་ལྟས་ན་དེ་དག་ཤེས་རྟོགས་ཐུབ་ངེས་ཡིན།

ལོ་༢༥ཡན་གྱི་གཞོན་ནུ་ཚོས་གྲོས་སྡུར་བྱེད་མང་ཤོས་ནི་ཁོར་ཡུག་བཅོས་སྐྱོང་བྱེད་རྒྱུ་དེ་ཡིན། ལོ30ནས45མན་གྱི་མི་ཚོགས་ནས་གྲོས་སྡུར་བྱེད་མང་ཤོས་ནི་སྡོད་ཁང་ཡིན་པ། ལོ45ཡན་གྱི་མི་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་ནི་ཟ་རིགས་ཀྱི་བདེ་འཇགས་ཡིན་པ་རེད།40%ཡི་དྲ་གྲོགས་ཚོས་ཟ་རིགས་བདེ་འཇགས་གནད་དོན་ཐག་གཅོད་ཐུབ་ངེས་ཡིན་པར་ཡིད་ཆེས་ཀྱི་ཁེངས་ཡོད་པ། 60%ཡི་དྲ་གྲོགས་ཀྱིས་དེ་དག་ཐག་གཅོད་བྱེད་པར་དུས་ཚོད་རིང་པོ་འགོར་གྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཁོང་ཚོས། ཟ་རིགས་ལས་རིགས་ཀྱི་ཐོན་ལས་འབྲེལ་འཐག་རིང་བ་དང་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱི་ཁྲིམས་འགལ་མ་གནས་དམའ་བ། ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་མེད་པ་བཅས་ནི་ཟ་རིགས་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པའི་འགོག་རྐྱེན་ཆེན་པོ་གསུམ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག