མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚོང་དོན་པུའི་པུའུ་ཀྲང་ཀའོ་ཧུ་ཁྲེང་གིས་གསར་འགོད་པའི་དྲི་བར་ལན་བཏབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།  2014-03-08 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ3པའི་ཚེས7ཉིན་གྱི་སྔ་དྲོ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པས་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། ཚོང་དོན་པུའི་པུའུ་ཀྲང་ཀའོ་ཧུ་ཁྲེང་གིས་ཚོང་ལས་གོང་འཕེལ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་སོགས་ཀྱི་གནད་དོན་ཐད་གསར་འགོད་པས་བཏོན་པའི་འདྲི་བར་ལན་བཏབ་པ་རེད།

ཀའོ་ཧུ་ཁྲེང་གིས་འདས་ཟིན་པའི་ལོ་གཅིག་ནང་། རང་རྒྱལ་གྱི་ལོ་ཧྲིལ་པོའི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་གི་སྤྱིའི་དངུལ་གྲངས་སྒོར་དུང་ཕྱུར234000ཟིན་པ་དང13.1%འཕར་བ། ཕྱི་ཕྱོགས་སུ་མ་འཇོག་བྱེད་པ་དང་ཕྱི་དངུལ་བེད་སྤྱོད་གཏོང་རྒྱུའི་ཐད་ལའང་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་དང་ལྷག་དོན་དུ་ཕྱི་ཕྱོགས་སུ་མ་འཇོག་བྱེད་རྒྱུ་དེ་ཀྲུང་གོའི་ཕྱི་ཕྱོགས་མ་འཇོག་གོང་འཕེལ་གཏོང་བའི་ཁྱད་ཆོས་ཤིག་ལ་གྱུར་ཡོད། ཕྱི་ཕྱོགས་སུ་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར902ཟིན་པ་དང16.8%འཕར་ཡོད་ཅེས་དང་། ཁོང་གིས་སྤྱི་ལོ2014ལོར་རྒྱལ་སྤྱིའི་དཔལ་འབྱོར་མུ་མཐུད་སླར་གསོ་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་པ་དང་ལྷག་དོན་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་ཡོང་འགོ་ཚུགས་ནས་དགོས་མཁོ་དལ་པོས་ཆེ་རུ་ཕྱིན་ཡོད་ཅིང་དེས་ཀྲུང་གོའི་ཕྱིར་གཏོང་ལ་ཕན་པ་བྱུང་ཡོད། གསར་དར་དཔལ་འབྱོར་མ་ལག་འཕར་སྣོན་འགྲོ་འགོར་པོ་ཡིན་ནའང་དཔལ་འབྱོར་གྱི་གཞི་རྩའི་གནས་ཚུལ་ཡག་པོ་ཡོད་པ་དང་སྤྱི་ལོ2014ལོར་སླར་གསོ་དང་ཡག་ཏུ་འགྲོ་རྒྱུ་རེད། རྒྱལ་སྤྱིའི་ཁྲོམ་རྭའི་དུས་བབ་ཧྲིལ་པོར་ཕྱོགས་བསྡུས་ནས་དབྱེ་ཞིབ་བྱས་ཚེ་ང་ཚོས་སྤྱི་ལོ2014ལོའི་ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང7.5%འཕར་སྣོན་ཡོང་རྒྱུར་ཡིད་ཆེས་ཀྱི་ཁེངས་ཡོད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག