མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུ་སྐོང་འཚོགས་བྱས་པ།

  ཡོང་ཁུངས། བོད་སྐད་རླུང་འཕྲིན་དྲ་བ།  2014-03-08 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་ལྟེ་གནས་ཀྱིས་སྤྱི་ཚེས6ཉིན་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུ་ཁག་གསུམ་སྐོང་ཚོགས་བྱས་པ་དང་། ནོར་སྲིད་པུའི་པུའུ་ཀྲང་ལའུ་ཅིད་ཝེ་ཡིས་ཁྱོན་ཡོངས་ནས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་གཙང་སེལ་བྱ་རྒྱུ་དང་། དུས་མཚུངས་སུ་རང་རྒྱལ་གྱིས་ད་ལོ་ཁོར་ཡུག་སྲུང་སྐྱོབ་དཔྱ་ཁྲལ་དང་ས་ཁང་ཐོན་ལས་དཔྱ་ཁྲལ་གྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས་ཡོད།

ཞིང་ལས་པུའི་པུའུ་ཀྲང་ཧན་གྲང་ཧྥུས། རང་རྒྱལ་གྱི་འབྲུ་རིགས་ཐོན་འབབ་ལོ་བཅུ་བསྟུད་མའི་འཕར་སྣོན་མངོན་འགྱུར་བྱུང་བས། ད་ལོའི་སྤྱིའི་དམིགས་འབེན་ནི་བརྟན་པོའི་ཁྲོད་ཡར་རྒྱས་དང་། འབྲུ་རིགས་བརྟན་པོའི་སྒོ་ནས་འཕར་སྣོན་ཡོང་བ་བྱ་རྒྱུ་དེ་རེད། སླད་ཕྱིན་སྲིད་གཞུང་གི་ནོར་སྲིད་ཀྱིས་ད་དུང་ཞིང་ལས་ཁ་གསབ་དངུལ་མང་དུ་གཏོང་རྒྱུ་དང་། འཇོན་ཐང་ཡོད་པའི་འབྲུ་རིགས་འདེབས་མཁན་དང་ཞིང་ལས་ལས་གཉེར་གཙོ་གཟུགས་གསར་པར་ཕྱོགས་ལྷུང་བྱ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།

རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་པིན་གྱིས། ད་ལོའི་གཞུང་བཙུགས་སྨན་ཁང་བསྒྱུར་བཅོས་ཀྱི་གཙོ་གནད་དེ་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང་། དུས་མཚུངས་སུ་གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་གི་བསྒྱུར་བཅོས་དེ་མིག་སྔའི17ནས་ཉུང་ཤོས་ལ་ཞིང་ཆེན་རེར་གྲོང་ཁྱེར་གཅིག་གིས་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་རྒྱུར་ཁྱབ་བསྐྱེད་གཏོང་རྒྱུ་དེ་རེད་ཅེས་གསུངས་ཡོད་པ་རེད།

སྤྱི་ཚེས6ཉིན་གྱི་ཕྱི་དྲོ་སྐོང་ཚོགས་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུའུ་པོ་ཧྭ་དང་། ལིད་ཡི་ཉིང་། གྲེན་ཤི་ཝུན་བཅས་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡང་ཁའི་ཧྲེང་དང་། ལི་ཡན་ཧུང་བཅས་ཀྱིས་ཁག་སོ་སོར་བཟོ་ཚོང་ཐོ་འགོད་ལམ་ལུགས་བསྒྱུར་བཅོས་དང་། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་བསྒྱུར་བཅོས། གྲིབ་གཟུགས་དངུལ་ཁང་གི་ཉེན་ཁ་སོགས་ཀྱི་གནད་དོན་ཐད་གསར་འགོད་པས་བཏོན་པའི་དྲི་བར་ལན་སྐྱོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག