མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྲིད་གཞུང་ལས་དོན་སྙན་ཞུའི་ཁག་གཉིས་པ་སྟེ་སྤྱི་ལོ2013ལོར་རང་རྒྱལ་གྱིས་གྲུབ་ཆ་ལེགས་སྒྲིག་བྱས་པར་ཕན་འབྲས་བཟང་པོ་ཐོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།  2014-03-08 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས5ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་སྲིད་གཞུང་ལས་དོན་སྙན་ཞུའི་ནང་། སྤྱི་ལོ2013ལོར་རང་རྒྱལ་གྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར12000ལས་བརྒལ་ནས་ལོ་བཅུའི་རིང་བསྟུད་མར་འཕར་སྣོན་བྱུང་བ་དང་། ཞབས་ཞུའི་ལས་རིགས་འཕར་སྣོན་རིན་ཐང་གི་བསྡུར་གྲངས46.1%ཟིན་ནས་ཐོན་ལས་གཉིས་པ་ལས་ཐེངས་དང་པོ་བརྒལ་བ། དབུས་ནུབ་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་བསྡུར་གྲངས་མུ་མཐུད་མཐོ་རུ་ཕྱིན་པ། ས་ཁོངས་གོང་འཕེལ་གྱི་མཐུན་སྦྱོར་རང་བཞིན་ཤུགས་ཆེར་ཕྱིན་པ། སྤྱི་ཚོགས་ཡོངས་ཀྱི་གློག་བེད་སྤྱོད་གཏོང་ཚད7.5%འཕར་སྣོན་བྱུང་བ། ཟོག་འདྲེན་བྱེད་ཚད9.9%འཕར་སྣོན་བྱུང་བ། རྒྱུ་དངོས་གཙོ་བོའི་དམིགས་ཚད་དང་དཔལ་འབྱོར་འཕར་སྣོན་ཡོང་རྒྱུ་གཉིས་ཕན་ཚུན་བཏང་སྙོམས་བྱུང་ཡོད།

ཡུལ་མིའི་ཡོང་འབབ་དང་དཔལ་འབྱོར་ཕན་འབྲས་རྒྱུན་མཐུད་མཐོ་རུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་དོན་དངོས་ཐོག7%འཕར་སྣོན་བྱུང་བ། གྲོང་གསེབ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་དངོས་དོན་དངོས་ཐོག9.3%འཕར་སྣོན་བྱུང་བ། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་བྱེ་བ1.65ཉུང་དུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་ཡོང་འབབ་ཧེ་བག་མུ་མཐུད་ཆུང་དུ་ཕྱིན་པ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས12.2%འཕར་སྣོན་བྱུང་བ། ནོར་སྲིད་ཡོང་འབབ10.1འཕར་སྣོན་བྱུང་ཡོད། ཆུ་མཛོད་ཆུང་གྲས15000གི་ཉེན་ཁ་སེལ་བ་དང་བརྟན་དུ་གཏོང་རྒྱུ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ། གྲོང་གསེབ་གྱི་མི་འབོར་བྱེ་བ6.3ཙམ་གྱི་འཐུང་ཆུའི་བདེ་འཇགས་གནད་དོན་གསར་ཏུ་ཐག་གཅོད་བྱས་པ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ། རྒྱལ་ཡོངས་སུ་ནགས་ཚལ་ཁེབས་ཚད31.6%རྒྱ་ཆེར་ཕྱིན་ཡོད། ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ་མགྱོགས་སུ་ཕྱིན་པ་དང་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་རྒྱུར་སྐུལ་ལྕག་བཏང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱས་པ། ཐོན་གསུམ་པའི་སྒུལ་བདེའི་འཕྲིན་གཏོང་དངོས་སུ་ཚོང་ལས་ཐོག་བེད་སྤྱོད་བཏང་བ། ལས་རིགས་ཁག་ཅིག་གི་ཐོན་ནུས་ཚབས་ཆེན་ལྷག་པའི་འགལ་ཟླ་ཧུར་ཐག་སེལ་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་ཤར་མའི་དུས་རིམ་དང་པོའི་ལས་གཞི་དུས་བཀག་གོང་དུ་ཆུ་འདྲེན་ཐུབ་པ་དང་ལམ་ཐིག་དབུས་མའི་དུས་རིམ་དང་པོའི་གཙོ་གཟུགས་ལས་གཞི་དུས་བཀག་ལྟར་ལས་མཇུག་སྒྲིལ་བ། ས་འོག་ལྕགས་མདོང་དྲ་བ་སོགས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཐེབས་པ། དམངས་སྤྱོད་མཁའ་འགྲུལ་དང་ཆུ་ཐོག་སྐྱེལ་འདྲེན། ཆ་འཕྲིན། སྦྲག་སྲིད་དྲ་སྦྲེལ་འཛུགས་སྐྲུན། ལྕགས་ལམ། མྱུར་བགྲོད་གཞུང་ལམ་གྱི་སྐྱེལ་འདྲེན་ལམ་ཚད་བཅས་ཚང་མ་སྤྱི་ལེ་འབུམ1ལས་བརྒལ་བ་དང་དེའི་ནང་མྱུར་བགྲོད་ལྕགས་ལམ་གྱི་སྐྱེལ་འདྲེན་ལམ་ཚད་སྤྱི་ལེ11000ཟིན་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག