མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ལས་དོན་འཛམ་གླིང་གི་མདུན་གྲས་སུ་སླེབས་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན།  2014-03-08 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་ལྕགས་ལམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2013ལོར་ཉིང་ཧང་དང་། ཅིང་ཇིན། ཤའ་ཧྲན། ཤིའི་པའོ་སོགས་གསར་སྐྲུན་མྱུར་བགྲོད་ལྕགས་ལམ་ཁག་ཅིག་གཉེར་སྐྱོང་བྱས་པ་དང་བསྟུན་ནས། རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་སྤྱིའི་གཉེར་སྐྱོང་ལམ་ཐག་སྤྱི་ལེ11028ཟིན་པ་དང་། འཛུགས་སྐྲུན་བྱེད་བཞིན་པའི་མྱུར་བགྲོད་ལྕགས་ལམ་གྱི་གཞི་ཁྱོན་སྤྱི་ལེ1200ཟིན་ནས། རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་མྱུར་བགྲོད་ལྕགས་ལམ་གཉེར་སྐྱོང་གི་ལམ་ཐག་རིང་ཤོས་དང་། འཛུགས་སྐྲུན་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག