མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུའི་ནང་དོན་གནད་བསྡུས།

  ཡོང་ཁུངས། བོད་སྐད་རླུང་འཕྲིན་དྲ་བ།  2014-03-08 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས5ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་གནང་སྐབས། ལོ་གཅིག་ནང་ང་ཚོས་སྤྱི་ཚོགས་བཅོས་སྐྱོང་བྱ་ཐབས་ལ་ལེགས་བཅོས་བྱས་ནས། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བྱས་ཡོད།

ན་ནིང་རང་རྒྱལ་དུ་ཟི་ཁྲོན་ལུའུ་ཧྲན་ས་ཡོམ་སོགས་རང་བྱུང་གནོད་འཚེ་རབ་དང་རིམ་པ་ཐོན་ཡོད་པ་དང་། བྱ་རིགས་ཆམ་རིམས་མིར་བགོས་པར་གནས་ཚུལ་ཡང་ཐོན་ཡོད། ཀྲུང་དབྱང་གིས་གཅིག་གྱུར་བཀོད་སྒྲིག་དང་། ས་གནས་ཀྱིས་གཅིག་གྱུར་བཀོད་འདོམས་བྱས་པའི་བྱས་པའི་འོག མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གང་ཐུབ་ཅི་ཐུབ་ཀྱིས་སྲུང་སྐྱོབ་བྱས་ཡོད།

ཐོན་སྐྱེད་ཀྱི་བདེ་འཇགས་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱབ་པ་དང་། འབྲེལ་ཡོད་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས། ཚབས་ཆེའི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་དོན་རྐྱེན་ཞིབ་བཤེར་ཐག་གཅོད་བྱས་པ་མ་ཟད་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་བྱས་ཡོད་ཅིང་། ཚབས་ཧ་ཅང་ཆེ་བའི་དོན་རྐྱེན་ཐོན་ཚད་བརྒྱ་ཆ་བཅུ་དྲུག་དང་གྲངས་ཆུང་དགུ་ཆག་ཡོད།

ཁྲིམས་ལྟར་སྲིད་སྐྱོང་རྒྱུར་སྐུལ་འདེད་བཏང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བཅའ་ཁྲིམས་ཁག་སུམ་ཅུ་སོ་བཞི་གཏན་ལ་འབེབ་རྒྱུར་བསྐྱལ་བ་དང་། ངལ་རྩོལ་བསྒྱུར་འགོད་ལམ་ལུགས་མེད་པ་བཟོ་རྒྱུའི་གྲོས་གཞི་བཏོན་པ། སྲིད་འཛིན་ཁྲིམས་སྲོལ་ཁག༤༧གཏན་ལ་ཕབ་པ། ཡིག་བསྐུར་ངོ་བཅར་ཞུ་གཏུགས་དང་འདུམ་སྒྲིག་མཉམ་འགུལ་ལས་དོན་མ་ལག་འཐུས་སྒོ་ཚང་དུ་བཏངནས། སྤྱི་ཚོགས་ཀྱི་འགལ་བ་འགོག་སེལ་བྱས་ཤིང་། ཁྲིམས་ལྟར་ཁྲིམས་འགལ་ཉེས་གསོག་བྱེད་སྒོར་རྡུང་རྡེག་བཏང་ཡོད།

རང་རྒྱལ་གྱིས་ཀྲུང་དབྱང་གི་གཏན་འབེབ་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཞིང་། སྤྱོད་ཚུལ་ངན་པ་བཞིར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། ཁས་ལེན་དོན་ཚན་གསུམ་ལག་བསྟར་ནན་ཏན་བྱས་ཡོད། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱིས་གཞུང་གྲོན་གསུམ་གྱི་མ་དངུལ་བརྒྱ་ཆ་སུམ་ཅུ་སོ་ལྔ་ཉུང་དུ་བཏང་ཡོད་པ། ཞིང་ལྗོངས་སུམ་ཅུ་སོ་གཅིག་གི་རིམ་པ་དེའི་་གཞུང་དོན་སྣེ་ལེན་འགྲོ་གྲོན་བརྒྱ་ཆ་ཉི་ཤུ་རྩ་དྲུག་ཉུང་དུ་བཏང་བ། སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་ཤུགས་ཚད་ཆེ་རུ་བཏང་ཞིང་། ཁྲིམས་ལུགས་དང་སྒྲིག་ཁྲིམས་ལས་འགལ་བའི་མི་སྣ་ཁག་ཅིག་ལ་ཆད་པ་བཅད་ཡོད། ན་ནིང་ནི་རང་རྒྱལ་གྱི་ཕྱི་འབྲེལ་ལས་དོན་གྱི་འགོ་གསར་པ་འཛུགས་པའི་ལོ་ཞིག་རེད། རང་རྒྱལ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྤེལ་རེས་དེ་སྐས་རིམ་གསར་པ་ཞིག་གི་གོང་མཐོར་གཏོང་ཐུབ་པ་དང་། ཆབས་ཅིག་རྒྱལ་ཁབ་ཆེན་མོའི་བར་གྱི་འབྲེལ་བ་ཡང་སྤེལ་རེས་ཁྲོད་བརྟན་པོའི་ངང་གོང་འཕེལ་ཕྱིན་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐད་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་མོའི་ནུས་པ་བཏོན་ཡོད་པ་དང་། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་གི་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོབ་བྱས་ཡོད། རང་རྒྱལ་གྱི་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ཡང་སྔར་བས་ཆེ་རུ་ཕྱིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག