མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་མཚོ་སྔོན་འཐུབ་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-07 11:18

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཟླ་གཉིས་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ལོ་ཧོས་ཉིན་དང་ཧའོ་ཕིན། པའེ་ཞིག་ཧྭ་སོགས་འཐུས་མིས་ནུབ་རྒྱུད་གསར་སྤེལ་དང་སློབ་གསོའི་འཕེལ་རྒྱས། འཁོར་རྒྱུག་དཔལ་འབྱོར། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་བསྒྱུར་སོགས་ཀྱི་གནད་དོན་ཐད་ནས་གཏམ་བཤད་པ་དང་། ལིས་ཁི་ཆང་གིས་འཐུས་མི་ཚོ་དང་བསམ་བློ་བརྗེ་རེས་དང་ཞིབ་བསྡུར་ནན་མོ་བྱས།

    འཐུས་མི་ཚོའི་གཏམ་བཤད་ལ་ཉན་རྗེས། ལིས་ཁི་ཆང་གིས་བཤད་རྒྱུར། མཚོ་སྔོན་ནུབ་རྒྱུད་མཐོ་སྒང་དུ་ཆགས་ཡོད་པས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་ཀ་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས་ཏེ། གཙང་གསུམ་འབྱུང་ཡུལ་སོགས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་སྔར་ལས་མཐོང་ཆེན་བྱས་ཏེ། ཤུགས་ཡོད་རྒུས་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མགྱོགས་མྱུར་སྒོས་སྤེལ་བ་དང་། འོས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་ཐོན་ཁུངས་འཚོལ་ཞིབ་དང་གསར་སྤེལ་བྱེད་དགོས་པ་དང་། གོ་སྐབས་དམ་འཛིན་དང་ཕྱི་ནང་གི་སྒོ་འབྱེད་སྲིད་ཇུས་ལག་བསྟར་ནན་མོ་བྱེད་པ་དང་། ཁྱད་ཆོས་ཅན་གྱི་ཐོན་ལས་བཟང་བོ་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། འགྲིམ་འགྲུལ་སོགས་ཐད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། མཐའ་སྐོར་ས་ཁུལ་ཕན་ཚུན་བར་འབྲེལ་བ་འཛུགས་པ་དང་བརྗེ་རེས་བྱེད་པ། ཕན་ནུས་ཡོད་པའི་སྒོ་ནས་ཐོན་ལས་སྤོ་བསྒྱུར་ལ་སྦྲེལ་མཐུད་བྱེད་པ་བཅས་བྱས་ཏེ། སྐམ་སའི་དབུས་ཁུལ་གྱི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་གྲུབ་པ་དང་དེ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས་ལ། མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། མཚོ་སྔོན་གྱི་དབུལ་སྐྱོར་གསར་སྤེལ་ཐད་ལ་སྔར་ལས་རྒྱབ་སྐྱོར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཞིང་སྡེའི་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོ་ཉམས་ཞན་ཡིན་པའི་སློབ་གྲྭའི་མ་མཐའི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ལེགས་བསྒྱུར་ཁྲོད་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བ་དང་དབུལ་ཕོངས་ལས་གྲོལ་བ་མངོན་འགྱུར་བྱས་ནས། རིགས་སོ་སོའི་མང་ཚོགས་ལ་བཅོས་བསྒྱུར་དང་འཕེལ་རྒྱས་ཁྲོད་ནས་ཕན་པ་ཐོབ་པར་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག