མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཕུའུ་ཅིན་ལ་ཁ་པར་བཏང་ནས་ཕྱོགས་གཉིས་བར་གྱི་འབྲེལ་བ་དང་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-05 11:04

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས4ཉིན་གྱི་དགོང་མོར་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་ནས་ཕྱོགས་གཉིས་བར་གྱི་འབྲེལ་བ་དང་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

    ཞི་ཅིན་ཕེན་གྱིས་བསྟན་དོན། ཉེ་སྔོན་འུ་གཉིས་ཀྱིས་སོ་ཆི་ནས་ཕུན་སུམ་ཚོགས་པའི་གྲོས་མོལ་བྱས་ཏེ། ཀྲུང་གོ་དང་ཨུ་རི་སིའི་ད་ལོའི་འབྲེལ་བར་མགོ་བཟང་བོ་ཞིག་རྩོམ་པར་རྨང་གཞི་ལེགས་པོ་ཞིག་བཏང་། ང་ཚོའི་བར་གཅིག་མཐུན་བྱུང་བའི་ལྟ་ཚུལ་གཞིར་བཟུང་ནས་ཕྱོགས་གཉིས་ཀྱིས་ཕྱོགས་སོ་སོ་ནས་འབྲེལ་ཡོད་འཐབ་ཇུས་རང་བཞིན་གྱི་ལས་གཞི་ཆེན་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་བཞིན་ཡོད། ཡུན་ནན་ཁུན་མེན་གྱི་འཇིགས་སྐུལ་དྲག་ཤུགས་དོན་རྐྱེན་ཚབས་ཆེན་བྱུང་རྗེས་ཙུང་ཐུང་ཕུའུ་ཅིན་གྱིས་ཆེས་ཐོག་མར་འཚམས་འདྲིའི་གློག་འཕྲིན་བཏང་ཡོང་བ་དེས་ཀྲུང་གོའི་ཕྱོགས་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ་མཚོན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཨུ་རི་སི་ཕྱོགས་དང་མཉམ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་རྒྱུན་འཁྱོངས་བྱེད་འདོད་ཡོད་ཟེར།

    ཕུའུ་ཅིན་གྱིས་ཝུའུ་ཁི་ལན་གྱི་མིག་སྔའི་གནས་བབ་ཀྱི་འཕེལ་རིམ་དང་ཨུ་རི་སི་ཕྱོགས་ཀྱི་ལངས་ཕྱོགས་དང་བྱེད་ཐབས་མཚམས་སྦྱོར་བྱས། ཞི་ཅིན་ཕེན་གྱིས་ཀྲུང་གོའི་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་མཛད་པར་མ་ཟད། ཨུ་རི་སི་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཐུན་སྦྱོར་བྱས་ནས་གནད་དོན་དེ་ཆབ་སྲིད་ཀྱིས་ཐག་གཅོད་བྱས་ཏེ། ས་གནས་དང་འཛམ་གླིང་གི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག