མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུན་ནན་ཁུན་མེན་མེ་འཁོར་ས་ཚིགས་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་ཡོངས་སུ་རྩད་ཆོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-05 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། ཟླ3པའི་ཚེས1ཉིན་གྱི་དགོང་མོར་ཡུན་ནན་ཁུན་མེན་མེ་འཁོར་ས་ཚིགས་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་རྗེས། སྤྱི་བདེ་པུའུ་ཡིས་ཡུན་ནན་དང་ཞིན་ཅང་། ལྕགས་ལམ་སོགས་སྤྱི་བདེ་ལས་ཁུངས་དང་སྲིད་ཁྲིམས་སྟོབས་ཤུགས་གཞན་དག་རྩ་འཛུགས་བྱས་ཏེ་དུས་ཚོད་བཞི་བཅུ་ལྷག་གི་རིང་ལ་འབད་འཐབ་བྱས་མཐར་ཟླ3པའི་ཚེས3ཉིན་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེ་ཡོངས་སུ་རྩད་ཆོད། དོན་རྐྱེན་དེ་ནི་ཨ་པུའུ་ཏུའུ་དབྱི་མུའུ•ཁུའུ་ཨར་པན་མགོ་གཙོ་ཡིན་པའི་འཇིགས་སྐུལ་འཇབ་རྒོལ་ཚོགས་པས་བཟོས་པ་ཡིན་ལ། ཚོགས་པ་དེར་བསྡོམས་པས་མི་བརྒྱད་ཡོད་ཅིང་དེའི་ནང་དུ་སྐྱེས་པ་དྲུག་དང་བུད་མེད་གཉིས་ཡོད་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཡུལ་དངོས་ནས་མི་བཞི་བསད་པ་དང་བུད་མེད་གཅིག་རྨས་ནས་འཛིན་བཟུང་བྱས་ཤིང་གཞན་པ་མི་གསུམ་ཡང་འཛིན་བཟུང་བྱས་ཡོད་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག