མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཁ་ཤས་ཀྱིས་མུ་མཐུད་དུ་གསུམ་པའི་ཚེས་གཅིག་ཉིན་ཀྲུང་གོའི་ཁུང་མེན་མེ་འཁོར་ས་ཚིགས་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-04 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས2ནས་ཚེས3ཉིན་བར། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཁ་ཤས་ཀྱིས་མུ་མཐུད་དུ་གསུམ་པའི་ཚེས་གཅིག་ཉིན་ཀྲུང་གོའི་ཁུང་མེན་མེ་འཁོར་ས་ཚིགས་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུའུ་ཞིའི་གཏམ་བཤད་སྤེལ་ཏེ། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐད་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་ཀྱི་ཚེ་འདས་དང་དེའི་ཁྱིམ་མི། དེ་མིན་ཀྲུང་གོའི་མི་དམངས་དང་སྲིད་གཞུང་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུས་པར་མ་ཟད། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ནི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་ཀྱི་འཇིགས་ཉེན་ཚབས་ཆེན་ཞིག་ཡིན་པ་དང་། འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེ་དུས་ནམ་ཞིག་ལ་གནས་གང་ཞིག་ནས་མི་སུ་ཞིག་གིས་རྒྱུ་མཚན་ཅིའི་ཕྱིར་ལག་བསྟར་བྱས་ཀྱང་། ནག་ཉེས་བྱ་སྤྱོད་དེ་བཅའ་ཁྲིམས་ཀྱི་རྒྱ་ལས་ཐར་ཐབས་མེད་པ་བསྐྱར་བསྒྲགས་བྱས་པ་དང་། ངེས་པར་དུ་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེའི་ལག་བསྟར་མཁན་དང་རྩ་འཛུགས་མཁན། རྒྱབ་སྐྱོར་མཁན་སོགས་ཁྲིམས་ལ་སྦྱོར་དགོས་པ་ནན་བཤད་བྱས།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁ་ཨར་ཀྲ་དབྱི་དང་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི། ཐ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཧི་མིན། ཅིར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་ཐ་མུའུ་པ་ཡེ་ཧྥུའུ། ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་འགན་འཁུར་མཁན་ལོ་ཨར་ཁ་སི་ཐི་ལོ་བཅས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་འཚམས་འདྲིའི་གློག་འཕྲིན་བཏང་སྟེ་ཐེངས་འདིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་བློ་ཐག་རྦད་ཆོད་སྒོས་ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་པར་འབད་བརྩོན་བྱེད་པའི་ཐད་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་བསྟན། ཨན་ཐི་ཀྭ་དང་པ་པུ་ཏའི་ཙུང་ཐུང་སི་ཕན་སེ་ཡིས་ཙུང་ལི་ལིས་ཁི་ཆང་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

འཇར་མན་དང་དབྱིན་ཇི། སི་ཕན། ཨོ་སི་ཁྲི་ལི་ཡ། ཧན་གོ། ཕ་ཁི་སི་ཐན། རྒྱ་གར། བལ་པོ། ཡོ་ནན། དབྱི་ལང་། སི་རི་ཡ། ཁ་ཐར། ཀེ་རེན་ན་ཏ། ཐིག་དམར་ཀུའི་ནེ་ཡ་སོགས་རྒྱལ་ཁབ་དང་ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་ཀྱང་གསལ་བསྒྲགས་སྤེལ་བ་དང་ཡང་ན་ཕྱི་འབྲེལ་ཐབས་ལམ་ལ་བརྟེན་ནས་ཐེངས་འདིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་ཚེ་འདས་རྣམས་ལ་མྱ་ངན་ཞུས་པར་མ་ཟད། ཀྲུང་གོ་སྲིད་གཞུང་དང་མི་དམངས། དེ་མིན་འདས་པོའི་ཁྱིམ་མི་དང་རྨས་མ་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས།   ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག