མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་ཚེས་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཚོགས་མགོ་རྩོམ་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-03 15:42

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་དེ་ཚེས་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་རྩོམ་རྒྱུ་ཡིན་ལ། ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་མཇུག་བསྡུ་རྒྱུ་རེད། གྲོས་ཚོགས་ཀྱི་གསར་འགྱུར་མགྲིམ་ཚབ་པ་ལུའུ་ཞིན་ཧྭ་ཡིས་ཚེས་གཉིས་ཉིན་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་པ་ལྟར་ན། ཚེས་གཉིས་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་བར་དུ། ཚོགས་ཆེན་དྲུང་ཡིག་ཁྲུའུ་ལ་གྲོས་གཞི་དགུ་བརྒྱ་དང་དགུ་བཅུ་དང་། ཚོགས་ཆེན་གྱི་གཏམ་བཤད་མ་ཡིག་སུམ་བརྒྱ་དང་སུམ་འབྱོར། གྲ་སྒྲིག་བྱ་བ་ཚང་མ་བསྒྲུབ་ཚར།

མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་དེར་གྲོས་ཞིབ་བྱེད་རྒྱུ་ཡིན་པར་མ་ཟད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཟུར་ཞུགས་བྱེད་རྒྱུ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱེད་རྒྱུ་ཡིན་ལ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་སོགས་གྲོས་ཆོད་དང་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་འབྱུང་རྒྱུ་རེད།

གྲོས་ཚོགས་ཀྱི་སྐབས་སུ་ཚོགས་ཆེན་གྱི་གཏམ་བཤད་ཐེངས་གསུམ་ལ་བཀོད་སྒྲིག་བྱེད་རྒྱུ་དང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་དམིགས་ཏེ། དཔལ་འབྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། སྤྱི་ཚོགས་དང་རིག་གནས་འཛུགས་སྐྲུན། ཆབ་སྲིད་འཛུགས་སྐྲུན་དང་འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་བྱ་བ་བཅས་ཐད་ནས་གཏམ་བཤད་རྒྱུ་རེད།

གྲོས་ཚོགས་ཀྱི་སྐབས་སུ་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐེངས་གསུམ་ལ་བཀོད་སྒྲིག་བྱེད་རྒྱུ་དང་། ནང་དོན་གཙོ་བོ་ནི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཏེ་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཁག་ཐེག་དང་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ཡོང་བར་ཡར་སྐུལ་གཏོང་བ་བཅས་རེད།

ལུའུ་ཞིན་ཧྭ་ཡིས་ད་རུང་ཏང་གི་ཀུན་སྤྱོད་འཛུགས་སྐྲུན་དང་སྨུག་སྤྲིན་ཆེ་བའི་ནམ་ཟླ། ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲིས་པར་ལན་བཏབ།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག