མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་གྲོས་གཞི་སྟོང་གཅིག་དང་བརྒྱ་དང་སུམ་ཅུ་འབྱོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-03 15:42

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས2ཉིན་གསར་འགོད་པས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་འདོན་ཚན་ཆུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚེས3ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་བར་དུ། སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་གྲོས་གཞི་སྟོང་གཅིག་དང་བརྒྱ་དང་སུམ་ཅུ་འབྱོར་བ་དང་། གྱོད་དོན་དྲུག་བརྒྱ་དང་སོ་བདུན་ཐོ་འགོད་བྱས།

མཚམས་སྦྱོར་བྱས་པ་ལྟར་ན། ད་ལོའི་གྲོས་གཞིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་འཛུགས་སྐྲུན་ཆེན་པོ་ལྔའི་ཁྲོད་ཀྱི་གནད་དོན་གཙོ་བོར་དམིགས་ཏེ། ཕྱོགས་མི་འདྲ་བའི་སྒོ་ནས་བསམ་འཆར་དང་གྲོས་གཞི་བཏོན། དཔེར་ན་གྲོང་བརྡལ་ཅན་གྱི་འཛུགས་སྐྲུན་དང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས། དངུལ་ལོར་ནོར་སྲིད་དཔྱ་ཁྲལ་ལམ་ལུགས་བཅོས་བསྒྱུར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཚན་རྩལ་རང་བདག་གསར་སྐྲུན། སྲིད་གཞུང་གི་འགན་ནུས་བསྒྱུར་བ། སློབ་གསོ་ཕྱོགས་བསྡུས་བཅོས་བསྒྱུར། སྨན་རྫས་སྒྲིག་སྲོལ་བཅོས་བསྒྱུར་སོགས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག