མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཁུན་མེན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-03 15:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཚེས2ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དེང་ལེན་བྱས་ཏེ། ཁུན་མེན་ནས་བྱུང་བའི་གསུམ་པའི་ཚེས་གཅིག་ཉིན་གྱི་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཚབ་ཆེན་ལ་རྒོལ་གཏམ་དྲག་པོ་བཏངས། ཁོང་གིས་རང་གཞན་གཉིས་ཀྱི་ཚེ་སྲོག་ལ་གནོད་འཚེ་བཏང་ན་སྐྱེ་བ་ནས་སྐྱེ་བའི་བར་དུ་རྣམ་སྨིན་ཚབ་ཆེན་འཁོར་ངེས་ཡིན་ཞེས་གསུང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ད་རུང་གསུང་རྒྱུར། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཆེད་དུ་རང་ཉིད་ཀྱི་བདེ་འཇགས་ཕངས་མེད་འཇོག་པའི་མི་རྣམས་ལ་མཚོན་ན་དགེ་བ་བསམ་གྱིས་མི་ཁྱབ་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག