མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ«རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་སྐོར་ཞིག་བཟོ་བཅོས་དང་ལག་བསྟར་བྱེད་མཚམས་འཇོག་པའི་སྐོར་གྱི་ཆོད་དོན»ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།  2014-03-01 11:08

    ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། «རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་སྐོར་ཞིག་བཟོ་བཅོས་དང་ལག་བསྟར་བྱེད་མཚམས་འཇོག་པའི་སྐོར་གྱི་ཆོད་དོན»ཁྱབ་བསྒྲགས་བྱས་པ་དང་། «ཆོད་དོན»དེ་ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

    «ཆོད་དོན»ལས་བཟོ་བཅོས་བྱས་པའི་སྲིད་འཛིན་ཁྲིམས་སྲོལ་བརྒྱད་ནི་ཀུང་ཟིའི་ཐོ་འགོད་དོ་དམ་སྲོལ་ཡིག་དངཀྲུང་གོ་དང་ཕྱི་རྒྱལ་གྱི་མ་དངུལ་མཉམ་གཏོང་བདག་གཉེར་ཁེ་ལས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག ཀྲུང་གོ་དང་ཕྱི་རྒྱལ་གྱི་མ་དངུལ་མཉམ་གཏོང་བདག་གཉེར་ཁེ་ལས་བཅའ་ཁྲིམས་ཀྱི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ། ཕྱི་རྒྱལ་གྱིས་མ་དངུལ་གཏོང་བའི་ཁེ་ལས་བཅའ་ཁྲིམས་ཀྱི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ། མཉམ་ལས་ཁེ་ལས་ཀྱི་མིང་འགོད་དོ་དམ་བྱེད་ཐབས། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་སྲོལ་ཡིག ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་ཐོ་འགོད་དོ་དམ་སྲོལ་ཡིག་བཅས་རེད། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག