མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སུན་རྨའོ་ཧྥང་གིས་ལོ་ལྔ་བཅུའི་ནང་ལེའེ་ཧྥུང་ལ་སློབ་སྦྱོང་གནང་རྒྱུ་རྒྱུན་འཁྱོངས་གནང་བ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།  2014-03-01 10:43

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དགུང་ལོ་བདུན་བཅུ་དོན་གཉིས་ལ་ཕེབས་པའི་སུན་རྨའོ་ཧྥང་ནི་རྒན་གཡོལ་མ་ཞུས་གོང་པེ་ཅིན་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་ཡིན་པ་དང་། ལོ་ལྔ་བཅུའི་ནང་ཁོང་གིས་ལེའེ་ཧྥུང་ལ་སློབ་སྦྱོང་བྱས་ནས་བྱ་བཟང་སྒྲུབ་གནང་ཡོད་པ་དང་། ཁྱོན་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཞལ་འདེབས་སྒོར་ཁྲི་བཞི་བཅུ་ལྷག་ཙམ་རྒྱབ་ཡོད་པ་རེད། ལོ་ལྔ་བཅུའི་ནང་སུན་རྨའོ་ཧྥང་གིས་སྔ་ཕྱིར་རྒན་རྒོན་དང་དབང་པོ་སྐྱོན་ཅན་ཉི་ཤུ་ལྷག་ཙམ་ལ་ལྟ་སྐྱོང་གནང་ཡོད། ཁོང་གིས་རང་ཉིད་ཀྱི་ཡོང་འབབ་སྤྱད་ནས་དབང་པོ་སྐྱོན་ཅན་བཅུ་གསུམ་དང་དམིགས་བསལ་དཀའ་ངལ་ཡོད་པའི་སློབ་མ་སུམ་ཅུ་སོ་གཉིས་ལ་རོགས་སྐྱོར་བྱས་ཤིང་། ཁྱོན་ཞལ་འདེབས་རྒྱབ་པའི་དངུལ་འབོར་སྒོར་བཞི་འབུམ་ཙམ་ཟིན་ཡོད་པ་མ་ཟད། མི་སྒེར་གྱི་མིང་ཐོག་ནས་ལེའེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་ཚོགས་ཆུང་བརྒྱ་སྒྲིག་འཛུགས་གནང་ཡོད་པ་རེད། མིག་སྔར་ཁོང་གིས་ད་དུང་དར་སྲོལ་གསར་འཛུགས་དང་། རྒན་རྒོན་སྲི་ཞུ་བྱེད་མཁན་གྱི་འབྲེལ་གཏུགས་ད྄་བ་ཞེས་པ་བཙུགས་ཐོག རྒྱུན་དུ་ན་གཞོན་དྲ་གྲོགས་དང་ལྷན་དུ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་རོགས་རམ་བྱེད་ཀྱི་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག