མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དྲ་བ་བརྒྱུད་ནས་ཕྲུ་གུ་དམར་འབྱར་འཚོང་མཁན་ཚོགས་པ་ཆེན་པོ་བཞི་གཏོར་བ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།  2014-03-01 10:43

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་བདེ་པུའུ་ཡིས་ཉིན་ཤས་གོང་ཞིང་ལྗོངས་དང་གྲོང་ཁྱེར་༢༧གྱི་སྤྱི་བདེ་ལས་ཁུངས་ནས་སྤྱི་ལོ༢༠༡༣ལོའི་ཟླ་བ་བདུན་པའི་ཚེས་གསུམ་ཉིན་གྱི་དྲ་བ་བརྒྱུད་ཕྲུ་གུ་དམར་འབྱར་བཙོངས་པའི་ཚབས་ཆེའི་གྱོད་གཞིའི་གཅིག་སྡུད་འཇུ་བཟུང་དང་སྐྱོབ་པའི་བྱ་སྤྱོད་སྤེལ་བར་གཅིག་གྱུར་བཀོད་འདོམས་བྱས་པ་དང་། ཁྱོན་དྲ་བ་བརྒྱུད་ནས་ཕྲུ་གུ་དམར་འབྱར་འཚོང་མཁན་ཚོགས་པ་ཆེན་པོ་བཞི་གཏོར་བ་དང་། ཀྲའུ་ཏའེ་ཧྥུ་དང་ཀྲང་ཅིང་ཐའོ་སོགས་ཉེས་བསགས་དོགས་ཡོད་མི་སྣ་གཙོ་བོ་ཚང་མ་འཛིན་བཟུང་ཐུབ་ཡོད་པ་ཡོད་པ་རེད། སྤྱི་ཟླ་གཉིས་པའི་ཚེས་ཉི་ཤུ་བདུན་ཉིན་གྱི་ཆུ་ཚོད་བཅུ་གཉིས་པའི་བར། ཁྱོན་ཉེས་བསག་དོག་ཡོད་མི་སྣ༡༠༩༤འཛིན་བཟུང་བྱས་པ་དང་། གཡོ་ཁྲིད་བྱས་ནས་བཙོངས་པའི་ཕྲུ་གུ་དམར་འབྱར༣༨༢བསྐྱབས་ཡོད་པ་རེད། རྟོག་ཞིབ་བྱས་པ་བརྒྱུད། ཉེས་བསགས་དོག་ཡོད་མི་སྣ་ཀྲའུ་ཏའེ་ཧྥུ་སོགས་ཀྱིས་དྲ་ཚིགས་འཛུགས་པ་དང་། འཕྲིན་གཏོང་ཚོ་པ་འཛུགས་པ། དྲ་ཐོག་ཚོང་ཁང་འཛུགས་པ། ཁྲིམས་འགལ་གྱི་ཉོ་ཚོང་སྟེགས་བུ་འཛུགས་པ། ཕྲུ་གུ་དམར་འབྱར་འཚོང་རྒྱུ་སྒྲིག་འཛུགས་བཅས་བྱས་ནས་ཁེ་བཟང་ཆེན་པོ་ཟོས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག