མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དང་བླངས་ཞབས་ཞུ་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།  2014-03-01 10:43

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་དང་བླངས་ཞབས་ཞུ་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བསམ་འཆར་ཞེས་པ་བཀྲམ་ཡོད་པ་རེད། བསམ་འཆར་དེའི་ནང་། དང་བླངས་ཞབས་ཞུ་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་ནི། དང་བླངས་ཞབས་ཞུ་རྒྱུན་མཐུད་དང་སྐྱོན་བྲལ་སྒོ་ནས་གོང་འཕེལ་འགྲོ་བ་བྱ་རྒྱུ་དང་། ལེའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱུན་གཏན་ཅན་དུ་འགྱུར་བ་བྱ་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་ཚུལ་གསོ་སྤེལ་དང་ལག་བསྟར་བྱ་རྒྱུ་དང་། སྤྱི་ཚོགས་ཧྲིལ་པོར་ཡར་རྒྱས་བཟང་ཕྱོགས་ཀྱི་སྟོབས་ཤུགས་གྲུབ་པ་བྱ་རྒྱུ་བཅས་ཀྱི་ཐད་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་ཅེས་ནན་བཤད་བྱས་འདུག

    བསམ་འཆར་དེའི་ནང་། དང་བླངས་པ་བསྡུ་འགུགས་ཐོ་འགོད་ཚད་ལྡན་བཟོ་དགོས་པ་དང་། དང་བླངས་པའི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ། དང་བླངས་པའི་ཞབས་ཞུ་ཐོ་འགོད་ལམ་ལུགས་འཛུགས་དགོས་པ། དང་བླངས་ཞབས་ཞུའི་སྐུལ་འདེད་སྒྲིག་གཞི་འཛུགས་དགོས་པ། སྲིད་ཇུས་དང་ཁྲིམས་ལུགས་འགན་སྲུང་འཐུས་སྒོ་ཚང་དུ་གཏོང་དགོས་པ། དང་བླངས་ཞབས་ཞུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། དང་བླངས་ཞབས་ཞུའི་རིག་གནས་དར་སྤེལ་ཤུགས་ཆེན་བྱ་དགོས་པ། དང་བླངས་ཞབས་ཞུའི་སྟེགས་བུ་འཛུགས་དགོས་ཞེས་བསྟན་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག