མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་འཆར་ལྡན་བུ་སྐྱེ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-28 12:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་འཆར་ལྡན་བུ་སྐྱེ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟླ་གཉིས་པའི་ཚེས27ཉིན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་བུ་སྐྱེ་སྲིད་ཇུས་སྙོམས་སྒྲིག་དང་འཐུས་ཚང་དུ་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པར་མ་ཟད་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རེ་འདུན་དང་མཐུན། རིམ་པ་སོ་སོའི་སྲིད་གཞུང་དང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་སོགས་ལས་ཁུངས་ཀྱིས་འཆར་ལྡན་བུ་སྐྱེ་ཡི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་མཉམ་དུ་ཁྱོན་ཡོངས་བརྟན་འཇགས་དང་གྲོང་གསེབ་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། རིགས་བགར་ནས་མཛུབ་སྟོན་བྱེད་པ། མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་རྩ་དོན་ལྟར། བཀོད་སྒྲིག་ཞིབ་མོ་བྱེད་པ་དང་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏོང་དགོས་ལ། ནན་ཏན་དང་གོ་རིམ་ལྡན་པའི་སྒོ་ནས་བུ་སྐྱེ་སྲིད་ཇུས་སྙོམས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། དོན་བཟང་ལེགས་སྒྲུབ་བྱས་ནས་མི་གྲངས་ཡུན་རིང་ལ་དོ་མཉམ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག