མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-27 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས26ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དེང་རབས་ལས་རིགས་སློབ་གསོ་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་བཀོད་སྒྲིག་བྱས་པ་དང་ལས་དོན་ལས་ཁུངས་ཀྱི་མི་དོན་དོ་དམ་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་དེང་རབས་ལས་རིགས་སློབ་གསོ་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་ལས་འགན་དང་བྱེད་ཐབས་གཏན་འཁེལ་བྱས། གཅིག ལས་རིགས་སློབ་གསོ་ཡིས་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་མ་ལག་ཁྲོད་དུ་གོ་གནས་གལ་ཆེན་ཟིན་པ་གཏན་འཁེལ་བྱེད་དགོས། གཉིས། ལས་རིགས་སློབ་གསོའི་རྣམ་པ་གསར་སྐྲུན་བྱེད་དགོས། གསུམ། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས། བཞི། སྤྱི་ཚོགས་སྟོབས་ཤུགས་ཀྱིས་ལས་རིགས་སློབ་གསོ་བསྒྲུབ་པར་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་དགོས། ལྔ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ལྟ་སྐུལ་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས་པ་བཅས་རེད།

ཚོགས་ཐོག་ནས་བསྟན་དོན། ལས་དོན་ལས་ཁུངས་ནི་སྤྱི་བའི་ཞབས་ཕྱི་འདོན་སྤྲོད་བྱེད་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་ཤིག་ཡིན་ལ། ལས་དོན་ལས་ཁུངས་ཀྱི་མི་དོན་དོ་དམ་ཚད་ལྡན་དུ་གཏོང་བ་དང་བྱ་བ་སྒྲུབ་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་ནི་ལས་དོན་ལས་ཁུངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་འགན་སྲུང་ཡིན། ཚོགས་ཐོག་ནས་ལས་དོན་ལས་ཁུངས་ཀྱི་མི་དོན་དོ་དམ་སྲོལ་ཡིག་འཆར་ཟིན་ལས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། འཆར་ཟིན་ནང་དུ་ལས་གནས་བཀོད་སྒྲིག་དང་མངོན་གསལ་དུ་མི་སྣ་བསྡུ་བ་དང་རྒྱུགས་བླངས་ནས་ལས་གནས་བཀོད་སྒྲིག་བྱེད་པ། གདན་ཞུའི་གན་རྒྱ་འཇོག་པ། བྱ་དགའ་སྟེར་བ་དང་ཆད་པ་གཅོད་པ་སོགས་མི་དོན་དོ་དམ་བྱ་བར་གཏན་འཁེལ་གསལ་བོ་བྱས་ཡོད་ཟེར།   ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག