མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་བྱེད་པ་དང་ཀྲུང་ཧྭའི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་གསུམ་པ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-26 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚེས24ཉིན་གྱི་ཕྱི་དྲོར་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་བྱེད་པ་དང་ཀྲུང་ཧྭའི་གོམས་སྲོལ་བཟང་བོ་དར་སྤེལ་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་གསུམ་པ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཐུན་མོང་གི་སློབ་སྦྱོང་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་བསམ་བློ་ཆབ་སྲིད་བྱ་བའི་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཏའེ་མུའུ་ཚེ་ཡིས་གནད་དོན་དེའི་ཐད་ནས་འགྲེལ་བཤད་བྱས་པར་མ་ཟད་བསམ་འཆར་དང་གྲོས་གཞི་བཏོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམས་ཀྱིས་འགྲེལ་བཤད་ལ་ནན་ཏན་སྒོས་ཉན་པར་མ་ཟད་འབྲེལ་ཡོད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་བྱེད་ན་ངེས་པར་དུ་ཀྲུང་ཧྭའི་ཕུལ་བྱུང་གོམས་སྲོལ་རིག་གནས་ལ་རྐང་འཛུགས་དགོས་པ་དང་། བརྟན་ཞིང་འགྱུར་བ་མེད་པའི་སྲོག་ཤིང་རིན་ཐང་ལྟ་བར་གཞི་རྩ་བརྟན་པོ་ཞིག་ཡོད་དགོས། སྲོལ་རྒྱུན་དང་གཞི་རྩ་མེད་པར་བཏང་ན་རང་ཉིད་ཀྱི་སྲོག་རྩ་བཅད་པ་དང་འདྲ། ཀྲུང་ཧྭའི་ཀུན་སྤྱོད་བཟང་བོ་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཉིང་བཅུད་ཡིན་པ་དང་དེ་ལ་ཕུན་སུམ་ཚོགས་པའི་བསམ་བློའི་ཀུན་སྤྱོད་ཀྱི་ཐོན་ཁུངས་འདུས་ཡོད། ལོ་རྒྱུས་རིག་གནས་དང་ལྷག་པར་དུ་སྔོན་བྱོན་པས་རྒྱུན་འཛིན་བྱས་པའི་རིན་ཐང་འདུ་ཤེས་དང་ཀུན་སྤྱོད་ཚད་ལྡན་རྒྱུན་འཁྱོངས་བྱེད་པ་དང་ཧུར་ཐག་སྒོས་ཀྲུང་ཧྭ་མི་རིགས་ཀྱིས་གསར་སྐྲུན་བྱས་པའི་བསམ་བློའི་ལོངས་སྤྱོད་ཀྱི་ཚད་གཞི་བཀོལ་ནས་རིག་གནས་མཁན་གསོ་སྐྱོང་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། སྲིད་ཇུས་ཀྱི་མཛུབ་སྟོན་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་སོགས་ཕྱོགས་ཀྱི་སྲིད་ཇུས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་བྱེད་པར་ཕན་པ་ཡོད་པ་དང་། བཅའ་ཁྲིམས་ལ་བརྟེན་ནས་སྲོག་ཤིང་རིན་ཐང་ལྟ་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་དོ་དམ་སྣ་ཚོགས་ཁྲོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་བྱེད་པའི་འགན་འཁྲི་འཁུར་དགོས་པ་དང་། རྒྱུན་ལྡན་གྱི་དོ་དམ་ཁྲོད་དུ་རིན་ཐང་མཛུབ་སྟོན་མཚོན་པར་བྱེད་པར་ཡིད་འཇོག་བྱེད་པ་དེ་སྲོག་ཤིང་རིན་ཐང་ལྟ་བ་དང་མཐུན་པའི་བྱ་སྤྱོད་ལ་ཡར་སྐུལ་གྱི་ནུས་པ་ཐོབ་པ་དང་སྲོག་ཤིང་རིན་ཐང་ལྟ་བར་རྒྱབ་འགལ་བྱས་པའི་བྱ་སྤྱོད་ལ་ཚོད་འཛིན་བྱས་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག