མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཐི་ལེ་ཉི་ཏ་དང་ཏོ་པ་ཀིའི་ཙུང་ལི་པེ་སའེ་སཱ་ཨར་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-26 11:09

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས25ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐི་ལེ་ཉི་ཏ་དང་ཏོ་པ་ཀིའི་ཙུང་ལི་པེ་སའེ་སཱ་ཨར་དང་གྲོས་མོལ་མཛད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐི་ལེ་ཉི་ཏ་དང་ཏོ་པ་ཀིའི་ཙུང་ལི་པེ་སའེ་སཱ་ཨར་དང་གྲོས་མོལ་མཛད།
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས25ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐི་ལེ་ཉི་ཏ་དང་ཏོ་པ་ཀིའི་ཙུང་ལི་པེ་སའེ་སཱ་ཨར་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཐི་ལེ་ཉི་ཏ་དང་ཏོ་པ་ཀི་ནི་ཀྲུང་གོའི་ཅ་ལེ་པེ་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་ལ། ཕྱོགས་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཕན་ཚུན་རྒྱབ་སྐྱོར་དང་གཞོགས་འདེགས་པོ་བྱེད་བཞིན་ཡོད། ཀྲུང་གོས་ཐི་ལེ་ཉི་ཏ་དང་ཏོ་པ་ཀིའི་བར་གྱི་འགྲོ་འོང་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། མཉམ་ལས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་གསར་བ་ཞིག་ཏུ་གོང་འཕེལ་ལ་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ཀྲུང་གོས་ཐི་ལེ་ཉི་ཏ་དང་ཏོ་པ་ཀི་སོགས་ཅ་ལེ་པེ་ས་ཁུལ་གྱི་རྒྱལ་ཁབ་དག་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཅ་ལེ་པེ་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་འཕེལ་རྒྱས་སུ་བཏང་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ཁེ་ཕན་སྔར་ལས་ཇེ་ཆེ་དང་མཉམ་ལས་ཀྱི་མདུན་ལམ་སྔར་ལས་ཇེ་ཡངས་སུ་གཏོང་འདོད་ཡོད་ཅེས་གསུངས།

པེ་སའེ་སཱ་ཨར་གྱིས་ཐི་ལེ་ཉི་ཏ་དང་ཏོ་པ་ཀིས་ཀྲུང་གོའི་བར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ནུས་ཁུངས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།

གྲོས་མོལ་གྱི་རྗེས་སུ། ལིས་ཁི་ཆང་གིས་པེ་སའེ་སཱ་ཨར་དང་མཉམ་དུ་ཀྲུང་གོ་དང་ཐི་ལེ་ཉི་ཏ་དང་ཏོ་པ་ཀིས་ནུས་ཁུངས་དང་འཕྲོད་བསྟེན། ལུས་རྩལ། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགོད་པར་བདེན་དཔང་བྱས།

གྲོས་མོལ་གྱི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས་པེ་སའེ་སཱ་ཨར་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

 
གྲོས་མོལ་གྱི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས་པེ་སའེ་སཱ་ཨར་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
གྲོས་མོལ་གྱི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས་པེ་སའེ་སཱ་ཨར་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག