མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«མང་ཚོགས་བྱ་བའི་ཐབས་ཤེས་གསར་སྐྲུན་བྱས་ཏེ་འཕྲིན་བཅར་གྱི་འབུར་ཐོན་གནད་དོན་ཐག་གཅོད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-26 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲོན་ལྟར། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«མང་ཚོགས་བྱ་བའི་ཐབས་ཤེས་གསར་སྐྲུན་བྱས་ཏེ་འཕྲིན་བཅར་གྱི་འབུར་ཐོན་གནད་དོན་ཐག་གཅོད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས་པ་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་སྦྲེལ་ཏེ་གཟབ་ནན་གྱིས་ལག་བསྟར་མཐའ་འཁྱོལ་བྱེད་དགོས་པའི་རེ་བ་བཏོན།

བསམ་འཆར་ལ་བསྡོམས་པས་དོན་ཚན་ཆེན་མོ5དང་དོན་ཚན་ཆུང་ངུ20ཡོད།

«བསམ་འཆར»ལས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཏེ། འཕྲིན་བཅར་བྱ་བའི་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཁོ་ཚོར་ཆེས་ཐར་ཀར་དུ་འབྲེལ་བ་ཡོད་ལ། ཁོ་ཚོའི་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བཟང་པོ་བྱེད་པ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་བ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་བ། ཏང་གིས་སྲིད་འཛིན་པའི་མང་ཚོགས་རྨང་གཞི་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་ལ་ཡར་སྐུལ་བྱེད་པ་བཅས་ཀྱི་ཆེད་དུ། མང་ཚོགས་བྱ་བའི་ཐབས་ཤེས་གསར་སྐྲུན་བྱེད་པ་དང་། འཕྲིན་བཅར་གྱི་འབུར་ཐོན་གནད་དོན་ཐག་གཅོད་པར་གཤམ་གྱི་བསམ་འཆར་འདི་དག་བཏོན་པ་ཡིན་ཏེ། གཅིག འཕྲིན་བཅར་གྱི་གནད་དོན་འབྱུང་བར་རྩ་བ་ནས་སྔོན་འགོག་བྱེད་པ་དང་གནད་དོན་འབྱུང་ཚད་ཇེ་ཉུང་དུ་གཏོང་བར་འབད་བརྩོན་བྱེད་དགོས། གཉིས། མང་ཚོགས་ཀྱི་རེ་བ་མཚོན་པའི་ཐབས་ལམ་སྔར་ལས་གེག་མེད་དང་ཚད་ལྡན་དུ་གཏོང་དགོས། གསུམ། འཕྲིན་བཅར་གྱི་འབུར་ཐོན་གནད་དོན་ཐག་གཅོད་པའི་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། བཞི། གཞི་རིམ་གྱི་རྨང་གཞི་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་དགོས། ལྔ། རྩ་འཛུགས་དང་མགོ་ཁྲིད་ལ་དངོས་སུ་ཤུགས་སྣོན་དགོས་ཞེས་བསྟན་ཡོད།

«བསམ་འཆར»ལས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་རེ་བ་ལྟར། གནས་བབ་གསར་བའི་འོག་གི་མང་ཚོགས་བྱ་བའི་ཁྱད་ཆོས་གསར་བ་དང་ཆོས་ཉིད་གསར་བ། རེ་བ་གསར་བ་བཅས་ལ་ཞིབ་འཇུག་ཟབ་མོ་བྱེད་པ་དང་གོ་བ་ཡང་དག་བླངས་ཏེ། བྱ་བའི་ཀུན་སྤྱོད་ལེགས་སྒྱུར་བྱས་ནས། འགན་ཁུར་དང་བརྩེ་བ་སེམས་ལ་བཅངས་ཏེ་མང་ཚོགས་བྱ་བ་བཟང་པོར་སྒྲུབ་པའི་ནུས་པ་ཇེ་ཆེར་གཏོང་བ་དང་། འཕྲིན་བཅར་གྱི་འབུར་ཐོན་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་ཆེར་གཏོང་བ། འགལ་བ་དང་རྩོད་གཞི་ལ་རྩ་བ་ནས་སྔོན་འགོག་དང་ཐག་གཅོད་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བཅས་བྱེད་དགོས་པའི་རེ་བ་བཏོན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག