མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོན་ཧྲན་རིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-26 09:55

ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོན་ཧྲན་རིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས24ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོན་ཧྲན་རིན་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན། མིག་སྔར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་ཧུར་བརྩོན་རང་བཞིན་གྱི་འཕེལ་རྒྱས་འབྱུང་བཞིན་ཡོད་ལ། ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་རྒྱུན་ལྡན་ཡིན་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏན་འཇགས་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པར་མ་ཟད། རྒྱ་མཚོའི་སྟེང་གི་ཐུན་མོང་གསར་སྤེལ་གྱི་ཕྱོགས་ནས་ཧུར་བརྩོན་རང་བཞིན་གྱི་གོམ་སྟབས་གསར་བ་ཞིག་སྤོས་ཡོད། རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་ས་ཁུལ་གནས་བབ་ལ་ཁ་ཕྱོགས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་སྐུལ་འདེད་གཏོང་བར་མཐོང་ཆེན་བྱེད་པ་དང་། གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། ཕྱོགས་གཉིས་བར་གྱི་འབྲེལ་བའི་མི་དམངས་ཀྱི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་འབྲེལ་བ་བདེ་བླག་དང་སྐྱོན་བྲལ་བའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་མཉམ་ལས་མཛུབ་སྟོན་ཨུ་ཡོན་ལྷན་ཁང་དང་མཚོ་ཐོག་ཐུན་མོང་གསར་སྤེལ་གྲོས་མོལ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། དངུལ་ལོར་མཉམ་ལས་བཅས་བྱ་བའི་རྩ་འཛུགས་གསུམ་གྱི་ནང་རྐྱེན་བཀོལ་སྤྱོད་བཟང་བོ་བྱས་ཏེ། མཚོ་ཐོག་དང་སྐམ་ས། དངུལ་ལོར་མཉམ་ལས་གསུམ་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་དངོས་གཉེར་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། ཆེས་ཆེ་བའི་ལྷོ་ཕྱོགས་རྒྱ་མཚོའི་ཁྱབ་ཁོངས་མཉམ་དུ་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་མཉམ་ལས་ཀྱི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་དེ་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་ཐད་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་མ་ཟད། གྲོས་བསྡུར་དང་གྲོས་མོལ་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་འགལ་བ་སྣ་ཚོགས་ཐག་གཅོད་ལེགས་པོ་བྱས་ནས། ལྷོ་ཕྱོགས་རྒྱ་མཚོའི་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཟེར།

རོན་ཧྲན་རིན་གྱིས་བསྟན་དོན། ཡོ་ནན་གྱི་ཏང་དང་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག