མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིན་ཧྭ་གསར་འགྱུར་ཁང་གིས་རང་བྱུང་ས་ཡོམ་ལ་སྙིང་རྗེ་མེད་རུང་ཁུ་ནུ་རི་བོའི་གཤམ་དུ་བརྩེ་བས་ཁེངས་ཞེས་པའི་རྩོམ་ཡིག་སྤེལ་བ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-24 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིན་ཧྭ་གསར་འགྱུར་ཁང་གིས་སྤྱི་ཚེས་23ཉིན་རང་བྱུང་ས་ཡོམ་ལ་སྙིང་རྗེ་མེད་རུང་ཁུ་ནུ་རི་བོའི་གཤམ་དུ་བརྩེ་བས་ཁེངས་ཞེས་པ་སྟེ། ཤིན་ཅང་ཡུས་ཐན་གྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་ཡོམ་འགོག་གནོད་སེལ་ལས་དོན་གྱི་རྒྱས་གླེང་ཞེས་པའི་རྩོམ་ཡིག་འགོད་སྤེལ་བྱས་ཡོད།

རྩོམ་ཡིག་ནང་སྤྱི་ཟླ་2པའི་ཚེས་12ཉིན། ཤིན་ཅང་ཡུས་ཐན་རྫོང་དུ་ས་ཡོམ་རིམ་པ་བདུན་དང་གྲངས་ཆུང་གསུམ་བརྒྱབ་ནས་མང་ཚོགས་བཞི་འབུམ་ལྔ་ཁྲི་ལྷག་ཙམ་ལ་གནོད་འཚེ་ཕོག་པས་ཀུན་གྱིས་དོ་ཁུར་ཆེན་པོ་བྱས་ཡོད།

ས་ཡོམ་བརྒྱབ་རྗེས་ཏང་ཀྲུང་དབྱང་གིས་མཐོང་ཆེན་པོ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོམ་འགོག་གནོད་སེལ་ལས་དོན་ཐད་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་ཡོད། ཞི་ཅིན་ཕིང་གིས་ཡུས་ཐན་དུ་ས་ཡོམ་ཆེན་པོ་བརྒྱབ་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གི་འགོ་ཁྲིད་དང་འབྲེལ་ཡོད་ཕྱོགས་ཁག་གི་རོགས་སྐྱོར་འོག་གནོད་སེལ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད། ད་ཐེངས་ས་ཡོམ་ནང་མ་གཞི་གྱོང་གུན་ཆེན་པོ་ཕོག་མེད་རུང་ས་ཡོམ་རྒྱག་ཁུལ་རྒྱ་མཚོའི་ངོས་ལས་ས་བབ་མཐོ་བས་རང་བྱུང་ཆ་རྐྱེན་བལྟོས་བཅས་ཀྱི་ཞན་པ་དང་། རིགས་ཁག་གི་རྨང་གཞིའི་སྒྲིག་བཀོད་ཉམས་ཞན་ཡིན་པ། ཞིང་འབྲོག་པའི་སྡོད་ཁང་དང་། འཐུང་ཆུ། དགུན་དུས་ཀྱི་དྲོད་ལེན་སོགས་འཚོ་བའི་ཐད་དཀའ་ངལ་ཆེན་པོ་འཕྲད་ཡོད་པས། གནོད་འགོག་གནོད་སེལ་དང་སླར་གསོ་བསྐྱར་འཛུགས་ཐད་དཀའ་ངལ་ངེས་ཅན་ཞིག་འཕྲད་ཡོད། དེ་གར་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་ཡིན་པས་ས་ཁུལ་དེའི་བསྐྱར་འཛུགས་དང་གོང་འཕེལ་མགྱོགས་སུ་གཏོང་རྒྱུ་དེ་མི་རིགས་ས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་། གྲངས་ཉུང་མི་རིགས་ཀྱི་སྤུན་ཟླའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་གལ་ཆེའི་དོན་སྙིང་ལྡན་ཡོད། དོན་དེར་ཀྲུང་དབྱང་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་མཐོང་ཆེན་པོ་བྱེད་དགོས་པ་དང་། མིག་སྔ་དང་རྒྱང་རིང་ལ་གཞིགས་པ། ཚན་རིག་དང་མཐུན་པའི་སྒོ་ནས་སླར་གསོ་བསྐྱར་འཛུགས་དང་གོང་འཕེལ་གྱི་འཆར་འགོད་གཏན་འབེབས་བཟོ་བ། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ས་ཁུལ་དེའི་མི་རིགས་ཁག་གི་སྤུན་ཟླ་དང་ལྷག་པར་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་འཕོ་འགྱུར་མཐོང་ཐུབ་པ་དང་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་ཞེས་གསུངས་གནང་ཡོད་པ་རེད།

ས་ཡོམ་བརྒྱབ་རྗེས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་འོག་བཅིངས་འགྲོལ་དམག་དང་དྲག་ཆས་དཔུང་སྡེ་དེ་བཞིན་སྟབས་བསྟུན་རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་ཀྱིས་མཚན་དེར་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་དེ་ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ་གནོད་སེལ་ལས་དོན་བསྒྲུབས་ཡོད། གཅེས་སེམས་ཚོགས་པ་དང་སྤྱི་ཕན་སྒྲིག་འཛུགས་ཁག་ཅིག་གིས་ཀྱང་གཅིག་མཇུག་གཉིས་མཐུད་ངང་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་རོགས་སྐྱོར་བྱས་ཡོད། མིག་སྔར་གནོད་འཚེ་ཕོག་ཁུལ་གྱི་སྟབས་བསྟུན་རོགས་སྐྱོབ་ལས་དོན་སྤེལ་མཇུག་སྒྲིལ་བ་དང་། ས་ཡོམ་ནང་མི་སྣ་ཤི་རྨས་བྱུང་མེད། གནོད་འཚེ་ཕོག་ཁུལ་དུ་གུར་དང་། སྲིང་བལ་ཕོ་ཁེབས། འབྲས། བཟའ་སྣུམ་སོགས་འཚོ་བའི་མཁོ་ཆས་མཁོ་སྤྲོད་འདང་ངེས་བྱས་པ་དང་། འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག ཆུ་བཅས་རྒྱུན་ལྡན་ངང་ལས་གཉེར་བྱེད་ཀྱི་ཡོད་ཅིང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་རྒྱུན་ལྡན་ལྟར་སླར་གསོ་ཐུབ་པ་དང་། དཔྱིད་ཀ་ཤར་རྗེས་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་དོན་ཁྱོན་ཡོངས་ནས་འགོ་འཛུགས་རྒྱུ་ཡིན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག