མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཆེས་མཐོའི་ཞིབ་དཔྱོད་ཁང་གིས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་ཞབས་ཞུ་སྒྲུབ་པའི་བསམ་འཆར་དོན་ཚན་28བཏོན་པ།

རྩོམ་པ་པོ། ཟླ་བ་གཡུ་སྒྲོན།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-24 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉེ་དུས་ཞིབ་དཔྱོད་འགན་ནུས་ཀྱིས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་ཞབས་ཞུ་སྒྲུབ་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས་པའི་སྐོར་གྱི་བསམ་འཆར་ཞེས་པ་བཏོན་པ་དང་། ཁྱོན་ཁག་9དང་དོན་ཚན་28ཡོད་པ་རེད། བསམ་འཆར་ནང་། རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆད་གཅོད་དང་། སྔོན་འགོག ལྟ་སྐུལ། སློབ་གསོ། སྲུང་སྐྱོང་སོགས་ཀྱི་འགན་ནུས་འདོན་སྤེལ་ཧུར་ཐག་བྱེད་དགོས་པ་དང་། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་ཁྲིམས་ལྟར་འགན་སྲུང་དང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་དང་། གཞན་ཡང་། བསམ་འཆར་ནང་། རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུར་གཞིགས་ཏེ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ། ཁྲིམས་ལྟར་སྤྱི་ཚོགས་ཁྱབ་ཁོངས་ཁྲོད་ཀྱི་ཉེས་གསོག་བྱ་སྤྱོད་ལ་ཆད་གཅོད་དང་སྔོན་འགོག་བྱས་ཏེ། མི་དམངས་ཚང་མས་གོང་འཕེལ་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་འདྲ་མཉམ་ངང་ལོངས་སྤྱོད་ཐུབ་པ་བྱེད་དགོས་པ། ཁྲིམས་ལྟར་ཟ་རིགས་དང་སྨན་རྫས་ཀྱི་ཐོན་སྐྱེད་དང་། འཁོར་རྒྱུག སྤུས་ཚད་ལྟ་སྐུལ་དོ་དམ་སོགས་ཁྱབ་ཁོངས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་དགོས་པ། བློ་བརྟན་འགྱུར་མེད་ངང་ཚབས་ཆེའི་འགན་འཛོལ་ཤོར་བའི་དོན་རྐྱེན་རྒྱབ་ཀྱི་དབང་ཆ་གང་བྱུང་བེད་སྤྱོད་བཏང་བ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་བཏང་བ་སོགས་ཀྱི་གོ་གནས་ཉེས་གསོག་ལ་རྩད་གཅོད་མཐར་ཕྱིན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་བདེ་འཇགས་འགན་སྲུང་བྱེད་དགོས་པ། ཞིང་ལས་དང་འབྲེལ་བ་ཡོད་པའི་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་སྟེ། ཁྲིམས་ལྟར་ཁྲིམས་འགལ་ངང་ཞིང་སྤྱོད་ས་ཆ་བཟུང་བ་དང་། རྨོ་ཞིང་གཏོར་བཤིག་གཏོང་བ་སོགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་ཆད་པ་བཅད་ནས། ཁྲིམས་ལྟར་ཞིང་པའི་ཁེ་དབང་སྲུང་སྐྱོང་དང་། ཞིང་ལས་ཐོན་སྐྱེད་ལ་སྐུལ་འདེད། གྲོང་གསེབ་ཀྱི་བརྟན་ལྷིང་འགན་སྲུང་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག