མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བྱིས་པ་ལོ་ཆུང་འཁྲབ་སྟོན་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚོགས་ཆེན་པེ་ཅིང་དུ་སྐོང་འཚོགས་བྱས་པ།

རྩོམ་པ་པོ། ཟླ་བ་གཡུ་སྒྲོན།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-24 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་མཐུན་ཚོགས་བྱིས་པ་ལོ་ཆུང་འཁྲབ་སྟོན་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཉེ་དུས་པེ་ཅིང་དུ་སྐོང་འཚོགས་བྱས་པ་དང་། དེ་ནི་ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་མཐུན་ཚོགས་བྱིས་པ་ལོ་ཆུང་འཁྲབ་སྟོན་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ལོ་2013ལོའི་ལས་དོན་ཕྱོགས་བསྡོམས་དང་། སྤྱི་ལོ་2014ལོའི་ལས་དོན་ལ་འཆར་གཞི་འདིང་བའི་ཚོགས་ཆེན་ཞིག་ཡིན། འཆར་འགོད་ཚོགས་ཆེན་གྱིས་སྤྱི་ལོ་2013ལོའི་ལས་དོན་ལ་ཕྱོགས་བསྡོམས་བྱས་པ་དང་། གསར་སྤེལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྤྱི་ལོ་2014ལོའི་ལས་དོན་ལ་བཀོད་སྒྲིག་བྱས་ཡོད། ཚོགས་ཞུགས་མི་སྣ་དང་བྱིས་པ་ལོ་ཆུང་འཁྲབ་སྟོན་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་པས། ཡང་འབད་བསྐྱར་འབད་ངང་བྱིས་པ་ལོ་ཆུང་འཁྲབ་སྟོན་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཁག་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུ་དང་། ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་མཐུན་ཚོགས་ཀྱི་འགོ་ཁྲིད་འོག བྱིས་པ་ལོ་ཆུང་འཁྲབ་སྟོན་པའི་ལས་དོན་ཨུ་ཡོན་ལྷན་ཁང་དེ་ཉིད་བདེ་ཐང་ངང་འཚར་ལོངས་ཡོང་ནས། ཀྲུང་གོའི་གློག་བརྙན་བརྙན་འཕྲིན་བྱ་བཞག་གོང་འཕེལ་ཆེན་པོ་འགྲོ་རྒྱུར་ལེགས་སྐྱེས་འབུལ་ངེས་རེད་ཅེས་བསྟན་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག