མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མཚམས་སྦྱོར་བརྡ་ཁྱབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་ཡོངས་བསྒྲགས་ཐོག་བསམ་འཆར་བསྡུ་ལེན་བྱས་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-24 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚམས་སྦྱོར་བརྡ་ཁྱབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་བསམ་འཆར་བསྡུ་ལེན་བྱེད་པའི་མ་ཟིན་ཡོངས་བསྒྲགས་བྱས་པ་དང་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཡོད་པ་རེད། བསམ་འཆར་བསྡུ་ལེན་མ་ཟིན་ནང་། སྒྲིག་འཛུགས་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་དོ་བདག་གིས་མོས་མཐུན་མ་བྱས་པའམ་རེ་ཞུ་བྱས་མེད་པ་དང་ཡང་ན་དོ་བདག་གིས་ཁས་ལེན་གསལ་པོ་བྱས་མེད་པ་ཡིན་ན་དོ་བདག་གི་གཏན་འཇགས་ཁ་པར་དང་ལག་ཐོགས་ཁ་པར་རམ་གློག་རྡུལ་ཡིག་སྒམ་ཐོག་ནས་མཚམས་སྦྱོར་བརྡ་ཁྱབ་གཏོང་སྤེལ་བྱས་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད། ཉེ་ལམ་ལོ་ཤས་རིང་ལག་ཐོགས་ཁ་པར་འཛད་སྤྱོད་པར་ཉིན་ལྟར་སུན་སྣང་བཟོ་བའི་འཕྲིན་ཐུང་འདྲ་མིན་སྣ་ཚོགས་འབྱོར་གྱི་ཡོད་པ་རེད། ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་དགེ་ཚན་ཆེན་མོ་བ་ལིའུ་ཅན་ཧེའི་ཡིས། ད་ཐེངས་བཟོ་བཅོས་བརྒྱབ་པའི་ཐོག་ནས་རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ཐོག་ནས་མོས་མཐུན་མ་བྱུང་བར་འཛད་སྤྱོད་པར་སུན་སྣང་བཟོ་པའི་འཕྲིན་ཐུང་དང་སྦྲག་ཐོག་བསྐུར་མ་བསྐུར་བ་དེ་ཁྲིམས་འགལ་བྱ་སྤྱོད་ལ་བརྩིས་རྒྱུ་ཡིན་པ་མཚོན་གྱི་ཡོད་ཅེས་གསུངས་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག