མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོན་ཧྲན་རིན་དང་གྲོས་མོལ་མཛད་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-24 11:09

俞正声与越南祖国阵线中央委员会主席阮善仁举行会谈.jpg

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོན་ཧྲན་རིན་དང་གྲོས་མོལ་མཛད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོན་ཧྲན་རིན་དང་གྲོས་མོལ་མཛད།

    གྲོས་མོལ་མཛད་སྐབས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ལོ་མང་པོའི་རིང་ལ་ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་དང་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྱིས་རང་སོ་སོའི་ཏང་གི་མགོ་ཁྲིད་འོག སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་མཐུན་སྒྲིལ་དམ་པོ་བྱས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ནུས་པ་ཆེན་པོ་བཏོན། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་ས་གནས་རྩ་འཛུགས་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པར་མ་ཟད། སྲིད་ཞུགས་སྲིད་གླེང་གི་ཉམས་མྱོང་བརྗེ་རེས་ཇེ་མང་དུ་བཏང་ནས། ཀྲུང་གོ་དང་ཡོ་ནན་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར།

    རོན་ཧྲན་རིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཡོ་ནན་དང་ཀྲུང་གོའི་འབྲེལ་བ་དང་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་དང་ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་བར་གྱི་མཛའ་མཐུན་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྱིས་ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། ཕན་ཚུན་བར་གྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས་ཡོ་ནན་དང་ཀྲུང་གོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

    གྲོས་མོལ་མཛད་རྗེས། ཡུས་ཀྲིན་ཧྲིན་དང་རོན་ཧྲན་རིན་གཉིས་མཉམ་དུ«ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་དང་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་བཞི་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་གྱི་མཉམ་ལས་འཆར་འགོད་བརྗེད་ཐོ»སྟེང་མིང་འགོད་པའི་མཛད་སྒོར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག