མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པས་འཇར་མན་ལ་འཚམས་འདྲི་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-23 11:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ལིག་ཧྲི་ཅིན་གྱིས་ཚེས20ཉིན་ནས་ཚེས21ཉིན་བར་ཀྲུང་གོ་གུང་ཁྲན་ཏང་གི་མཛའ་མཐུན་འཐུས་ཚབ་ཚོགས་པ་ཁྲིད་དེ་འཇར་མན་ལ་འཚམས་འདྲི་བྱས།

འཐུས་ཚབ་ཚོགས་པས་འཇར་མན་གཡོན་རུ་ཏང་གི་ཀྲུའུ་ཞི་ལིས་ཁི་ཞིན་ཀི་དང་། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་མནའ་འབྲེལ་ཏང་གྲོས་ཚོགས་ཏང་གི་གུང་གཞོན་ཚོགས་པའི་ལས་འཛིན་མགོ་གཙོ་ཀི་ལུང་ཏེ་གཉིས་ལ་ཐུག་འཕྲད་བྱས་པར་མ་ཟད། ཨེ་པའོ་ཐི་དང་ལུའུ་སིན་པོ་སོགས་ཐེབས་རྩ་ཚོགས་པས་བསྡུས་པའི་བཞུགས་མོལ་ཚོགས་འདུར་ཞུགས་ནས། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དུས་རབས་ཀྱི་དོན་སྙིང་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་གལ་ཆེན་མཚམས་སྦྱོར་བྱས་ཤིང་། དངུལ་ལོར་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་དང་ཀྲུང་གོ་དང་འཇར་མན་གཉིས་ཀྱི་མཉམ་ལས་ཀྱི་ཤན་ཤུགས་སོགས་ཐད་ལ་བསམ་ཚུལ་བརྗེ་རེས་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག