མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་གྲོལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-22 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་འཛིན་གྲྭ་གྲོལ་བའི་མཛད་སྒོར་ཞུགས་པར་མ་ཟད་སྤྱི་བསྡོམས་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་དེ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཐེངས་འདིའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་བསྒྲུབས་པའི་གོ་སྐབས་དང་བསྟུན་ནས། ངོས་འཛིན་མཐོར་འདེགས་བྱེད་པ་དང་། བྱེད་ཐབས་ཆ་ཚང་དུ་གཏོང་བ། མགོ་ཁྲིད་ལ་ཤུགས་སྣོན་པ་བཅས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ལས་འགན་སྣ་ཚོགས་དངོས་འབེབ་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིག་ཡུན་ཧྲན་གྱིས་ཞིབ་བསྡུར་འཛིན་གྲྭས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ཟབ་མོ་བྱེད་པ་དང་། བཅོས་བསྒྱུར་དང་ལག་ལེན་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་རེ་བ་བཏོན། ཁོང་གིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ཁྱད་པར་དུ་ཐེངས་འདིའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་སྟེང་གི་གསུང་བཤད་ལ་སློབ་སྦྱོང་ནན་མོ་བྱེད་རྒྱུ་དེ་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་དང་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། གསུངས་བཤད་ཀྱི་ཆབ་སྲིད་དོན་སྙིང་དང་རིགས་གཞུང་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། གསུང་བཤད་ལས་བཏོན་པའི་བསམ་བློ་གསར་བ་དང་ལྟ་བ་གསར་བ། རྒྱས་བཤད་གསར་བ་བཅས་ལ་གོ་བ་ཟབ་མོ་བླངས་ཏེ། གསུང་བཤད་ཀྱི་དགོངས་དོན་གྱིས་རིག་ལམ་སྔར་ལས་ཇེ་གསལ་དུ་གཏོང་བ་དང་ལག་ལེན་ལ་མཛུབ་སྟོན་བཟང་བོ་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ནན་གྱིས་གསུངས་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ལས་འགན་ཡོངས་འགྲུབ་བྱེད་པའི་གནད་འགག་ནི་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དེ་རེད། སྐོར་གཉིས་པའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་དེ་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་ཟུང་འབྲེལ་བྱས་ནས། དམིགས་འབེན་འདུ་ཤེས་ཇེ་ཆེར་གཏོང་བ་དང་། ལས་འགན་ཁུར་ཐུབ་པའི་སྙིང་སྟོབས་འདོན་སྤེལ་བྱས་ནས། ཀུན་སྤྱོད་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བ་དེ་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག