མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་དང་མེ་གླིང་གི་སློབ་གྲོགས་ཚོགས་པ་དང་ཀྲུང་གོའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་མི་སྣའི་མཛའ་འབྲེལ་ཚོགས་པའི་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ལས་འཛིན་ཡོངས་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-22 11:11

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་དང་མེ་གླིང་གི་སློབ་གྲོགས་ཚོགས་པ་དང་ཀྲུང་གོའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་མི་སྣའི་མཛའ་འབྲེལ་ཚོགས་པའི་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ལས་འཛིན་ཡོངས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་དང་མེ་གླིང་གི་སློབ་གྲོགས་ཚོགས་པ་དང་ཀྲུང་གོའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་མི་སྣའི་མཛའ་འབྲེལ་ཚོགས་པའི་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ལས་འཛིན་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད། སྐབས་གསར་བའི་མགོ་ཁྲིད་ཚན་ཁག་དང་བཞུགས་མོལ་མཛད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཡོ་རོབ་གླིང་དང་མེ་གླིང་གི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ་འཁོར་བརྒྱ་ལོན་པ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་ནས། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་མི་སྣས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ལས་དོན་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱ་ཆེའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་མི་སྣས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག