མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧིག་སེ་དབྱིན་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-21 11:33

李克强会见巴基斯坦总统侯赛因1.jpg

ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧིག་སེ་དབྱིན་ལ་མཇལ་འཕྲད་གནང་བ།

李克强会见巴基斯坦总统侯赛因2.jpg

ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧིག་སེ་དབྱིན་ལ་མཇལ་འཕྲད་གནང་བ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧིག་སེ་དབྱིན་ལ་མཇལ་འཕྲད་གནང་།

    ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་བཤེས་དང་ཕྱོགས་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ལག་གདང་སྦྲེལ་ནས་འགྲན་རྩོད་ལ་ཁ་གཏད་འཇལ་ཏེ། མཉམ་དུ་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཟེར།

    ལིས་ཁི་ཆང་གིས་ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་བར་དཔལ་འབྱོར་འབྲེལ་བ་བཙུགས་པ་ནི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་ཀྱིས་ནུས་ཁུངས་དང་འགྲིམ་འགྲུལ་རྨང་གཞིའི་འཛུགས་སྐྲུན། བཟོ་ལས་ས་ཁུལ་བཅས་ཐད་ཀྱི་མཉམ་ལས་གཙོ་བོར་བཟུང་སྟེ། མཉམ་ལས་ལས་གཞི་གལ་ཆེན་ལག་བསྟར་བྱེད་པ་དང་། ཀྭ་ཏ་ཨར་གྲུ་ཁ་བདག་གཉེར་བཟང་བོ་བྱེད་པ། བཟོ་སྐྲུན་སྣ་ཚོགས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་དཔལ་འབྱོར་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས་པའི་རེ་བ་བཏོན།

    ཧིག་སེ་དབྱིན་གྱིས་བཤད་རྒྱུར། ཕ་ཁི་སི་ཐན་དང་ཀྲུང་གོ་གཉིས་མཛའ་མཐུན་ཡོང་བ་ནི་ཕ་ཁི་སི་ཐན་གྱི་ཕྱི་ཕྱོགས་དང་བདེ་འཇགས་ཀྱི་སྲིད་ཇུས་གཙོ་བོ་ཡིན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕ་ཁི་སི་ཐན་དང་ཀྲུང་གོ་བར་གྱི་དཔལ་འབྱོར་འབྲེལ་བ་བཙུགས་ནས། ཁྱབ་ཁོངས་གཙོ་བོའི་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ལ། ཕ་ཁི་སི་ཐན་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་ལས་ཁུངས་དང་མི་སྣའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག