མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཧན་གོའི་མགྲོན་པོར་མཇལ་འཕྲད་གནང་བ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-21 11:32

张德江会见韩国客人1.jpg

ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོ་དང་ཀྲུང་གོའི་གྲོས་མིའི་ཕྱི་འབྲེལ་གྲོས་མོལ་ཚོགས་པའི་ཚོགས་གཙོ་ཀྲིན་མིན་ཀྲུང་ཚོགས་གཙོ་ཡིན་པའི་ཧན་གོའི་རྒྱལ་ཚོགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

张德江会见韩国客人2.jpg

ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོ་དང་ཀྲུང་གོའི་གྲོས་མིའི་ཕྱི་འབྲེལ་གྲོས་མོལ་ཚོགས་པའི་ཚོགས་གཙོ་ཀྲིན་མིན་ཀྲུང་ཚོགས་གཙོ་ཡིན་པའི་ཧན་གོའི་རྒྱལ་ཚོགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉི་ཤུ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོ་དང་ཀྲུང་གོའི་གྲོས་མིའི་ཕྱི་འབྲེལ་གྲོས་མོལ་ཚོགས་པའི་ཚོགས་གཙོ་ཀྲིན་མིན་ཀྲུང་ཚོགས་གཙོ་ཡིན་པའི་ཧན་གོའི་རྒྱལ་ཚོགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

    ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧན་གོ་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་པའི་ཚུན་ལ། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཧན་གོའི་རྒྱལ་ཚོགས་བར་གྱི་འགྲོ་འོང་ཇེ་དམ་དུ་སོང་བ་དང་། མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་དམ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་བཏོན། ཀྲུང་གོ་དང་ཧན་གོ་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཧན་གོའི་གྲོས་ཁང་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ལས་འགན་གཙོ་བོ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡིན་པས། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་མཛའ་མཐུན་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ། མཛའ་མཐུན་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་རེ་འདུན་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཕན་ཚུན་ལ་ཡིད་ཆེས་བྱེད་པ་བཅས་བྱས་ནས། ཀྲུང་གོ་དང་ཧན་གོའི་མཛའ་མཐུན་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཟེར།

    ཀྲིན་མིན་ཀྲུང་སོགས་གྲོས་མིས་ཧན་གོའི་རྒྱལ་ཚོགས་ཀྱི་ཏང་ཁག་སོ་སོའི་གྲོས་མིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ནུས་པ་སྔར་ལས་ཆེན་པོ་འདོན་འདོད་ཡོད་པའི་ཚུལ་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག