མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་མཛད་དེ་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-21 11:31

俞正声主持召开全国政协第十二次主席会议.jpg

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས།

    ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མི་དམངས་སྲིད་གྲོས་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་བརྒྱུད་སྒྲོག་དང་དེ་ལ་སློབ་སྦྱོང་བྱས་པར་མ་ཟད། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་དང་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུའི་འཆར་ཟིན། སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་སོ་སོའི་ལག་བསྟར་ཀྲུའུ་ཞི་དང་མགོ་འཛིན་པའི་མིང་ཐོ། འབྲེལ་ཡོད་མི་དོན་ལས་དོན་གྱི་མིང་ཐོའི་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

    ཚོགས་ཐོག་ནས་ལིག་ཡུན་ཞའི་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཐོབ་ཐང་མེད་པར་གཏོང་བའི་ཐག་གཅོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། རྒྱུན་ལས་གྲོས་ཚོགས་ཐེངས་བཞི་བའི་སྟེང་ཁས་ལེན་བྱས།

    ཚོགས་ཐོག་ནས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་བཟང་བོར་བསྒྲུབ་རྒྱུ་ནི་ང་ཚོའི་དེང་སྐབས་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མི་དམངས་སྲིད་གྲོས་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པ་དང་ཚོགས་ཆེན་གཉིས་བཟང་བོར་བསྒྲུབ་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། གྲོས་ཚོགས་ཀྱི་མཛུབ་སྟོན་བསམ་བློ་ས་ཕྱོགས་ཀུན་ཏུ་དངོས་འབེབས་བཟང་བོ་བྱེད་པ་དང་། གྲོས་ཚོགས་དེར་དམངས་གཙོ་དང་དངོས་གཉེར། མཐུན་སྒྲིལ། འབད་བརྩོན་བཅས་ཀྱི་ཁྱད་ཆོས་ལྡན་པར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག