མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པའི་ཞི་ཅིན་ཕེན་གྱི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་ཕྱོགས་སྒྲིག་ཅེས་པ་དཔར་ནས་དམག་ཡོངས་སུ་བཀྲམས་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-21 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་ལྟར། ཞི་ཅིན་ཕེན་གྱི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་ཕྱོགས་སྒྲིག་ཅེས་པ་དེ་བཅིངས་འགྲོལ་དམག་དཔེ་སྐྲུན་ཁང་གིས་པར་སྐྲུན་དང་འགྲེམ་སྤེལ་བྱས་ནས། དམག་ཡོངས་ཀྱི་མདའ་དཔོན་ཡན་གྱི་མགོ་ཁྲིད་ལས་བྱེད་པར་དཔར་ནས་བཀྲམས། ཉེ་ལམ་སྤྱིའི་ཆབ་སྲིད་པུའུ་ཡིས་བརྡ་ཐོ་བཏང་སྟེ། དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་དེར་སློབ་སྦྱོང་ནན་མོ་བྱེད་དགོས་པའི་རེ་བ་བཏོན། བརྡ་ཐོའི་ནང་ཞི་ཅིན་ཕེན་གྱི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་ཕྱོགས་སྒྲིག་ཅེས་པ་ལས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་གང་ལེགས་སྒོས་མཚོན་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བཏོན་པའི་བསམ་བློ་གསར་བ་དང་ལྟ་བ་གསར་བ། རྒྱས་བཤད་གསར་བ། རེ་བ་གསར་བ་བཅས་གཅིག་སྡུད་སྒོས་མཚོན་ཡོད་ཅེས་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག