མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་མཚོ་འགག་འགྲམ་གཉིས་ཀྱི་ལས་རིགས་ཁག་གི་མི་སྣའི་བཞུགས་མོལ་ཚོགས་འདུར་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-20 19:01

ཟླ2པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཀྲུང་གོ་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་དང་མཉམ་དུ་མཚོ་འགག་འགྲམ་གཉིས་ཀྱི་ལས་རིགས་ཁག་གི་མི་སྣའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།
 
ཟླ2པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཀྲུང་གོ་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་དང་མཉམ་དུ་མཚོ་འགག་འགྲམ་གཉིས་ཀྱི་ལས་རིགས་ཁག་གི་མི་སྣའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚེས19ཉིན་གྱི་ཕྱི་དྲོར་ཀྲུང་གོ་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་དང་མཉམ་དུ་མཚོ་འགག་འགྲམ་གཉིས་ཀྱི་ལས་རིགས་ཁག་གི་མི་སྣའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ན་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཡར་སྐུལ་བྱས་པ་ཡིན་ལ། ཆབ་སྲིད་ཐད་ནས་ཕུན་ཚུན་ལ་ཡིད་ཆེས་བྱེད་པ་དང་། ཐུན་མོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་ནི་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་རྒྱུའི་ཕྱོགས་གཙོ་བོ་ཡིན་པས།  མཚོ་འགག་འགྲམ་གཉིས་ཀྱི་ཕྱོགས་སོ་སོའི་བརྗེ་རེས་དང་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་། འབྲེལ་ཡོད་དོན་དག་ལ་གྲོས་མོལ་བཟང་བོ་བྱེད་པ། ཕྱོགས་གཉིས་ཀྱི་མཚོ་འགག་འགྲམ་གཉིས་ཀྱི་ལས་དོན་གཙོ་གཉེར་སྡེ་ཁག་གིས་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པའི་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་མི་དམངས་མང་ཚོགས་སྔར་ལས་མང་པོ་དང་ཁྱད་པར་དུ་གཞི་རིམ་གྱི་མང་ཚོགས་མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་ཁྲོད་ཞུགས་སུ་བཅུག་སྟེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྟོབས་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་ཟེར།

ལེན་ཀྲན་གྱིས་ཐའེ་ཝན་གྱི་ལས་རིགས་ཁག་གི་མི་སྣ་མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་བྱ་འགུལ་ཁྲོད་ཡོངས་ཁྱབ་ཏུ་ཞུགས་ཏེ། མཚོ་འགག་འགྲམ་གཉིས་བར་འབྲེལ་འདྲིས་དང་བརྗེ་རེས་སྔར་ལས་མང་པོ་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ཡིད་ཆེས་དང་མཉམ་ལས་ཀྱི་རྨང་གཞི་སྔར་ལས་མང་པོ་བསྐྲུན་དགོས་པའི་རེ་བ་བཏོན།

ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་ནང་དོན་གཙོ་བོ་ནི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས་ཞེས་པ་དེ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག