མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མ་རྩའི་ཐོ་འགོད་ལམ་ལུགས་བཅོས་སྒྱུར་གྲོས་གཞི་འགྲེམ་སྤེལ་བྱེད་པའི་སྐོར་གྱི་བརྡ་ཐོ»དངོས་སུ་འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-19 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མ་རྩའི་ཐོ་འགོད་ལམ་ལུགས་བཅོས་སྒྱུར་གྲོས་གཞི་འགྲེམ་སྤེལ་བྱེད་པའི་སྐོར་གྱི་བརྡ་ཐོ»དངོས་སུ་འགྲེམ་སྤེལ་བྱས་ཏེ། རྒྱལ་ཡོངས་སུ་མ་རྩའི་ཐོ་འགོད་ལམ་ལུགས་བཅོས་སྒྱུར་བྱེད་པར་བཀོད་སྒྲིག་བྱས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་ཟིའི་བཅའ་ཁྲིམས»ལ་བཟོ་བཅོས་བྱས་པར་མ་ཟད་ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། བཟོ་བཅོས་བྱེད་དགོས་པའི«ཀུང་ཟིའི་ཐོ་འགོད་དོ་དམ་སྲོལ་ཡིག»སོགས་སྲིད་འཛིན་ཁྲིམས་སྲོལ་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ་ཞིབ་བཤེར་གཏན་འཁེལ་བྱས་ནས་མ་རྩའི་ཐོ་འགོད་ལམ་ལུགས་བཅོས་སྒྱུར་ལ་ཁྲིམས་ལུགས་འགན་སྲུང་འདོད་སྤྲོད་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག