མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་སི་ཕན་གྲོས་ཞུགས་ཁང་གི་གྲོས་ཞུགས་དཔོན་པོ་གཞོན་པ་ལུའུ་ཁ་སི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-18 11:05

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས17ཉིན་པེ་ཅིན་ནས་སི་ཕན་གྲོས་ཞུགས་ཁང་གི་གྲོས་ཞུགས་དཔོན་པོ་གཞོན་པ་ལུའུ་ཁ་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས17ཉིན་པེ་ཅིན་ནས་སི་ཕན་གྲོས་ཞུགས་ཁང་གི་གྲོས་ཞུགས་དཔོན་པོ་གཞོན་པ་ལུའུ་ཁ་སི་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་སི་ཕན་གྲོས་ཞུགས་ཁང་བར་དུ་མཉམ་ལས་ཀྱི་འབྲེལ་བ་བཟང་བོ་བཙུགས་པ་དང་། ཕྱོགས་གཉིས་ཀྱིས་རིམ་པ་སོ་སོའི་འགྲོ་འོང་ལ་སྔར་ལས་ཤུགས་སྣོན་ཞིང་སྲིད་ཞུགས་སྲིད་གྲོས་ཀྱི་ཉམས་མྱོང་དང་སྒྲུབ་སྟངས་དཔྱད་གཞིར་འཛིན་པ་དང་རྒྱུས་ལོན་ཟབ་མོ་བྱེད་དགོས་ལ། ཐུན་མོང་གི་ལྟ་ཚུལ་རྒྱ་བསྐྱེད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་དགོས་ཟེར།

ལུའུ་ཁ་སི་ཡིས་བཤད་རྒྱུར། སི་ཕན་ཕྱོགས་ཀྱིས་ཕྱོགས་གཉིས་བར་གྱི་ཁེ་ཕན་དང་གནད་དོན་གལ་ཆེན་ལ་ཡིད་འཇོག་ཆེན་པོ་བྱེད་པའི་རྨང་གཞིའི་སྟེང་ཕྱོགས་གཉིས་བར་གྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག