མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུའུ་ཞི་ཞི་ཅིན་ཕེན་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། བཅིངས་འགྲོལ་དམག་སྤྱིའི་ཆབ་སྲིད་པུའུ་ཡིས་ཉེ་ལམ«ལས་བྱེད་པའི་དཔྱད་ཞིབ་བྱ་བ་སྔར་ལས་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-18 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། བཅིངས་འགྲོལ་དམག་སྤྱིའི་ཆབ་སྲིད་པུའུ་ཡིས་ཉེ་ལམ«ལས་བྱེད་པའི་དཔྱད་ཞིབ་བྱ་བ་སྔར་ལས་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས། «བསམ་འཆར»ལས་གནས་བབ་གསར་བའི་འོག་ཏུ་ལས་བྱེད་པའི་དཔྱད་ཞིབ་བྱ་བ་སྔར་ལས་ལེགས་སྒྱུར་བྱེད་པའི་དོན་སྙིང་གལ་ཆེན་གསལ་བོར་ཤེས་པར་བྱེད་དགོས་ཞེས་བསྟན་ཡོད་པར་མ་ཟད་རིམ་པ་སོ་སོའི་ཏང་ཨུ་ཡིས་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དགོས། སྒྲིག་ལམ་ལྟ་རྟོག་ནུས་པ་ཇེ་ཆེར་གཏོང་བ་དང་དཔྱད་ཞིབ་བྱ་བའི་སྒྲིག་ལམ་གཏན་འཁེལ་གསལ་བོ་བྱེད་པར་མ་ཟད་དཔྱད་ཞིབ་སྤྱོད་ཚུལ་ཚད་ལྡན་དུ་བཏང་ནས་དཔྱད་ཞིབ་ཁྲོད་ཀྱི་མི་ལེགས་པའི་སྤྱོད་ངན་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག