མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་གཙོ་གནད་སློབ་ཆེན་གྱིས་རིམ་བཞིན་དབུལ་ཕོངས་ས་ཁུལ་གྱི་སློབ་མ་བསྡུ་ཚད་མང་དུ་གཏོང་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-17 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའི་གོང་འཕེལ་འཆར་འགོད་སིའི་འགོ་འཛིན་གཞོན་པ་གྲེན་ཧྥེང་གིས་ཉིན་ཤས་གོང་སྐད་ཕྲན་སློབ་གསོའི་བགྲོ་གླེང་ཕྲན་བུ་ཞེས་པའི་ལེ་ཚན་ལ་ཞུགས་སྐབས། སློབ་གསོའི་དབུལ་སྐྱོར་གྱི་བརྗོད་དོན་གཙོ་བོའི་ཐད་དྲ་གྲོགས་དང་སྤེལ་རེས་གནང་ཡོད་པ་རེད། ཁོང་གིས་དབུལ་ཕོངས་ས་ཁུལ་གྱི་སློབ་མར་སློབ་ཆེན་ཡག་པོར་འགྲོ་རྒྱུའི་གོ་སྐབས་དེ་བས་མང་བ་ཐོབ་ཆེད། སྤྱི་ལོ2012ལོ་ནས་བཟུང་། སློབ་གསོ་པུས་གཙོ་གནད་སློབ་ཆེན་ཁག་ཅིག་གི་སློབ་མ་བསྡུ་བའི་དམིགས་ཚད་བཀོད་སྒྲིག་བྱས་ཡོད་པ་དང་། དབུལ་ཕོངས་ས་ཁུལ་ནས་ཁ་ཕྱོགས་གཏན་འཁེལ་གྱི་སློབ་མ11752བསྡུས་ཡོད་པས། དབུལ་ཕོངས་ས་ཁུལ་ནས་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་རིམ་པ་དང་པོར་སློབ་མ་བསྡུ་ཚད་སྤྱི་ལོ2011ལོ་ལས10%མང་དུ་ཕྱིན་ཡོད་པ་དང་། སྤྱི་ལོ2013ལོར་ཁ་ཕྱོགས་གཏན་འཁེལ་གྱིས་སློབ་མ་བསྡུ་བའི་འཆར་གཞི་དེ་མི་གྲངས་ཁྲི3བར་མང་དུ་བཏང་ཡོད་པའི་ཟུར་གསལ་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག