མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པུའུ་དང་ཨུ་ཡོན་ལྷན་ཁང་བཞི་ཡིས་མཉམ་འབྲེལ་ཐོག་ནུས་ཁུངས་གསར་པའི་རླངས་འཁོར་ལ་ཁ་གསབ་སྤྲོད་པའི་བྱ་ཐབས་གསར་པ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-17 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་། ཚན་རྩལ་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་བཞིས་ཉིན་ཤས་གོང་མཉམ་འབྲེལ་ཐོག་ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་གྱི་ཁ་གསབ་བྱ་ཐབས་གསར་པ་ཁྱབ་བསྒྲགས་བྱས་པ་དང་། ད་ཐེངས་དབྱེ་བ་ཆེ་བ་དང་ནོར་སྲིད་ཁ་གསབ་ལོངས་སྤྱོད་བྱེད་ཆོག་པའི་ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་ལ་དབྱེ་ན་རིགས་ཆེན་པོ་གསུམ་ཡོད་པ་སྟེ། གློག་ཁོ་ནར་བརྟེན་པའི་གློག་སྒུལ་རླངས་འཁོར་དང་། གློག་གསོག་འཇོག་རྣམ་པའི་མཉམ་བསྲེས་སྒུལ་ཤུགས་རླངས་འཁོར། གློག་རྫས་ལྡན་པའི་རླངས་འཁོར་བཅས་ཡིན། པུའུ་དང་ཨུ་ཡོན་ལྷན་ཁང་བཞིས་ཉེ་དུས་ཡོངས་བསྒྲགས་ནང་ནུས་ཁུངས་གསར་པའི་རླངས་འཁོར་ལ་ས་གནས་ནས་སྲུང་སྐྱོབ་བྱ་རྒྱུ་མེད་པ་བཟོ་དགོས་པའི་བླང་བྱ་སླར་ཡང་གསལ་པོ་བཏོན་ཡོད། གྲོང་ཁྱེར་རམ་ས་ཁོངས་སུ་ས་ཆ་གཞན་དག་གི་གྲགས་ཅན་ཚོང་རྟགས་ཡིན་པའི་ནུས་ཁུངས་གསར་པའི་རླངས་འཁོར་ཉོ་སྒྲུབ་བྱ་རྒྱུར་འགོག་རྐྱེན་བཟོ་མི་ཆོག་པའམ་ཡང་ན་རྣམ་པ་སྒྱུར་ནས་འགོག་རྐྱེན་བཟོ་མི་ཆོག་པ་དང་། ལག་བསྟར་བྱས་ཟིན་པ་རྣམས་གང་མགྱོགས་ལེགས་བཅོས་བྱེད་དགོས་པ་དང་། དཔེ་སྟོན་གྲོང་ཁྱེར་རམ་ཡང་ན་ས་ཁོངས་སུ་ཁྱབ་གདལ་དང་བེད་སྤྱོད་གཏོང་བའི་རླངས་འཁོར་ཁྲོད་ས་ཆ་གཞན་དག་གི་གྲགས་ཅན་ཚོང་རྟགས་ཀྱི་གྲངས་འབོར30%དམའ་མི་རུང་བའི་ནན་བཤད་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག