མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིང་ལས་པུའུ་ཡིས་ད་ལོ་ལོ་ཏོག་ལ་ནད་འབུའི་གནོད་པ་ཐོན་ཚབས་ཆེ་རུ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-17 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་པུའི་ཆ་འཕྲིན་གསར་ཤོས་ལས་མངོན་པར། ད་ལོ་རང་རྒྱལ་གྱི་ལོ་ཏོག་ལ་ནད་འབུའི་གནོད་པ་ཐོན་ཚབས་ཆེ་རུ་འགྲོ་ཚུལ་མངོན་གྱི་ཡོད་པས་ཞིང་ལས་པུའུ་ཡིས་ས་གནས་ཁག་ནས་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་སྔོན་འགོག་ཚོད་འཛིན་བྱ་ཐབས་བཟུང་ཤུགས་ཆེ་རུ་བཏང་ནས་ནུས་ཤུགས་གང་ཡོད་ཀྱིས་ནད་འབུའི་གནོད་འཚེ་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་ཐོག་འབུ་ཁ་ནས་འབྲུ་རིགས་འཕྲོག་དགོས་པའི་བླང་བྱ་བཏོན།

རྒྱལ་ཡོངས་ཀྱི་ལོ་ཏོག་གི་ནད་འབུ་ཚད་ལེན་སྙན་ཞུའི་དྲ་བའི་ལྟ་ཞིབ་ཚད་ལེན་རྟག་དཔྱད་དང་རིགས་གཅིག་མཁས་པས་གྲོས་མོལ་བྱས་ནས་བརྡར་ཤ་བཅད་པར་གཞིགས་ན། སྤྱི་ལོ2014ལོར་ལོ་ཏོག་ལ་ཚབས་ཆེའི་ནད་འབུའི་གནོད་འཚེ་ཐོན་ཚབས་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་སྔོན་དཔག་བྱས་ན་རྒྱ་ཁྱོན་མུའུ་ཐེངས་གྲངས་དུང་ཕྱུར36.8ཟིན་རྒྱུ་དང་སྤྱི་ལོ2013ལོ་དང་བསྡུར་ན10%ཡི་གཡས་གཡོན་རྒྱ་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག