མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་དངུལ་རྩའི་ས་ཁུལ་རང་བཞིན་གྱི་ཁྲིམས་སྲོལ་དང་པོ་ལག་བསྟར་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-17 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་དངུལ་རྩའི་ས་ཁུལ་རང་བཞིན་ཁྲིམས་སྲོལ་དང་པོ་ཝུན་ཀྲོའུ་གྲོང་ཁྱེར་གྱི་དམངས་ཁྲོད་མ་རྩ་རུབ་བསྡུས་དོ་དམ་སྲོལ་ཡིག་ཅེས་པ་དང་དེ་བཞིན་ལག་བསྟར་གྱི་ཞིབ་ཕྲའི་རྩ་དོན་ཞེས་པ་དེ་སྤྱི་ཟླ3པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དེའི་ནང་ཡོངས་བསྒྲགས་བྱས་པ་ཐག་པའི་ལག་བསྟར་གྱི་ཞིབ་ཕྲའི་རྩ་དོན་ལ་མིག་སྔར་ཡོངས་བསྒྲགས་ཐོག་སྤྱི་ཚོགས་ནས་བསམ་འཆར་བསྡུ་ལེན་བྱེད་བཞིན་ཡོད་པ་རེད།

ཐེངས་གཅིག་ལ་གཡར་བའི་དངུལ་གྲངས་སྒོར་ས་ཡ་གསུམ་ཡན་ཟིན་པ་དང་། དངུལ་བུན་ལྷག་མ་བྱེ་བ་གཅིག་ཡན་ཟིན་པ། འབྲེལ་བ་ཡོད་པའི་བུ་ལོན་གཡར་ས་མི་༣༠ལྷག་ཟིན་པ་སོགས་ཀྱི་གནས་ཚུལ་ཡོད་ཚེ་བུ་ལོན་གཡར་མཁན་གྱིས་དོ་དམ་སྡེ་ཁག་ལ་སྙན་ཞུ་འབུལ་དགོས་ཀྱི་ཡོད་པ་རེད། ཞིབ་ཕྲའི་སྒྲིག་ལམ་འདི་དག་གཏན་འབེབས་བྱས་པ་ནི་དོན་དངོས་ཐོག་དམངས་ཁྲོད་ཀྱི་བུ་ལོན་གཡར་རྒྱུ་ཁྲིམས་མཐུན་ཅན་ལ་གྱུར་བའི་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་པ་རེད།

ཀྲེ་ཅང་ཞིང་ཆེན་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཏིང་ཙུའུ་ཉན་གྱིས། གལ་འགངས་ཆེ་ཤོས་ནི་དེ་སྔའི་ལྐོག་ཏུ་བྱས་པའི་ཟིང་ཆེ་ལ་ཉེན་ཁའི་མི་མངོན་པའི་རྐྱེན་ངན་གནས་པའི་དམངས་ཁྲོད་མ་རྩ་རུབ་བསྡུས་བྱེད་སྒོ་དེ་མངོན་སུམ་ཅན་དུ་བཟོས་པ་མ་ཟད་ལུགས་མཐུན་གྱི་སྒྲིག་ལམ་བཟོས་ནས། དམངས་ཁྲོད་ཀྱི་མ་རྩ་རུབ་བསྡུས་བྱ་རྒྱུ་དེ་དངོས་སུ་ཁྲིམས་མཐུན་དང་ཚད་ལྡན་ཅན་ལ་འགྱུར་བ་བྱས་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག