མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ས་གནས་ཁག་གི་ཏང་སྲིད་སྡེ་ཁག་གིས་འགན་སྲུང་རང་བཞིན་བདེ་སྡོད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-16 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ས་གནས་ཁག་གི་ཏང་སྲིད་ལས་ཁུངས་ཀྱིས་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིའི་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྲིད་ཇུས་འདོན་པ་དང་།བྱ་ཐབས་བཟུང་སྟེ་སྐུལ་འདེད་བཏང་བར།འཕེལ་རིམ་གསར་པ་དང་།ཕན་འབྲས་གསར་པ་ཐོན་པ་དང་།སྡོད་ཁང་ལ་དཀའ་ངལ་ཡོད་པའི་མང་ཚོགས་དེ་བས་མང་བར་དམངས་ཀྱི་འཚོ་བའི་ལས་གཞིའི་ཕན་པ་དངོས་ཐོབ་ཡོད་པ་རེད།

ཅང་ཤི་ཡི་ས་གནས་ཁག་གིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཆར་འགོད་དང་འཛུགས་སྐྲུན་བྱེད་སྐབས།ས་ཆ་བདམས་སྟངས་དང་ཆ་སྦྱོར་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བར་དེ་བས་མཐོང་ཆེན་བྱས་ཡོད། རྫོང་རིམ་པའི་གྲོང་ཁྱེར་ཧྥུང་ཁྲེང་གྲོང་ཁྱེར་གྱིས་འགན་སྲུང་རང་བཞིན་སྡོད་ཁང་རྒྱག་རྒྱུ་དེ་དམངས་ཀྱི་འཚོ་བའི་ལས་གཞི་ཨང་དང་པོར་བཞག་སྟེ། རྣམས་གྲངས་འཛུགས་སྐྲུན་དང་། ཨང་ཀི་གཡུགས་ཏེ་བགོ་བཤའ་རྒྱག་པ། རྗེས་མཐུད་དོ་དམ་དང་གྲོང་ཁུལ་ཞབས་ཞུ་བཅས་ལྷུ་ཚིགས་ཆེན་མོ་བཞི་དམ་འཛིན་བྱས་པ་དང་། ལས་གཞིའི་འཕེལ་རིམ་དང་། སྤུས་ཚད། གཞུང་དྲང་།ཡོངས་བསྒྲགས།འདྲ་མཉམ་བགོ་འགྲེམས་བཅས་དམ་འཛིན་ནན་པོ་བྱས་པ།སྟབས་བསྟུན་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་སྟེ།ཆེད་ལས་གྲོང་ཁུལ་ཞབས་ཞུའི་ཀུང་སིས་གཙོ་བོ་བྱེད་པ་དང་། སྐར་མ་རིམ་པའི་ཞབས་ཞུ་ཚད་གཞིར་བྱས་ཏེ། ཚད་གཞི་མཐོ་བའི་ཆ་སྦྱོར་སྒྲིག་ཆས་དང་འགན་སྲུང་རང་བཞིན་སྡོད་ཁང་གི་ལས་གཞི་དུས་གཅིག་ཏུ་འཆར་འགོད་དང་། དུས་གཅིག་ཏུ་འཛུགས་སྐྲུན། དུས་གཅིག་ཏུ་རྩིས་སྤྲོད་བེད་སྤྱོད་བཅས་བྱས་ཡོད། མིག་སྔའི་བར། གྲོང་ཁྱེར་དེས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་༡༤བཏང་སྟེ། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཆིག་ཁྲི་ལྷག་བརྒྱབ་ཟིན་པ་དང་། ཡོང་འབབ་དམའ་བའི་ཁྱིམ་ཚང་ཆིག་ཁྲི་སུམ་འབུམ་གྱི་སྡོད་ཁང་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།

ཉེ་ཆར།ཧྲན་ཏུང་ཙེ་པོ་ཡི་མཐོ་གསར་ཁུལ་གྱི་ཁེ་ལས་ཤིག་ཏུ་ལས་ཀ་བྱེད་བཞིན་པའི་ཝང་ཡིད་ཅེས་རེ་ཞུ་བྱས་ཏེ་རག་པའི་ལྟེ་བའི་གྲོང་ཁུལ་གྱི་གཞུང་གི་བོགས་གཏོང་ཁང་པའི་ནང་སྤོ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། སློབ་ཆེན་ཐོན་པ་ནས་ད་བར་ཁོ་མོ་བོགས་གཡར་ཁང་པའི་ནང་སྡོད་ཀྱི་ཡོད།ཝང་ཡིད་ཅེས་རེ་ཞུ་ཕུལ་བའི་གཞུང་གི་བོགས་གཏོང་ཁང་པ་ནི་ཙེ་པོ་གྲོང་ཁྱེར་གྱི་སྲིད་གཞུང་ནས་མ་དངུལ་བཏོན་ནས་འཛུགས་སྐྲུན་བྱས་པ་དང་། སློབ་གྲྭ་ཐོན་མ་ཐག་པའི་སློབ་ཆེན་སློབ་མ་དང་།ཕྱི་ཕྱོགས་ནས་ཡོང་བའི་ལས་མི་སོགས་ཡོང་འབབ་ཅུང་དམའ་བའི་མི་ཚོགས་ལ་ཁ་ཕྱོགས་པའི་སྤྱི་པའི་བོགས་གཏོང་སྡོད་ཁང་ཁག་དང་པོ་དེ་ཡིན་པ་དང་། ཁང་པ་དེ་དག་གི་བོགས་རིན་ཁྲོམ་རའི་མཛུབ་ཁྲིད་རིན་གོང་གི་བརྒྱ་ཆ་༨༠ལས་ཟིན་གྱི་མེད།གསར་འགོད་པས་མཐོང་བར།གཞུང་གི་བོགས་གཏོང་ཁང་པ་དེ་དག་གཅིག་གྱུར་ཐོག་མཛེས་བཟོ་བྱས་ཡོད་པ་དང་། རྨང་གཞིའི་སྒྲིག་ཆས་ཆ་ཚང་པོ་ཡོད་པ་རེད།

ཧོ་ནན་ཞིང་ཆེན་ཤིན་ཤང་རྫོང་གུ་ཀྲེ་གྲོང་བརྡལ་ཞང་ཧོ་གྲོང་ཁུལ་གྱི་གྲོང་མི་ཝང་ཅ་ཤིན་ལ་ཁང་པ་གསར་པའི་ལྡེ་མིག་རག་རྗེས།ཁོང་གིས་གྲོང་གསེབ་ཀྱི་སྡོད་ཁང་གསར་པའི་གྲོང་ཁུལ་འདི་རིགས་ས་ཆ་བཟུང་ཚད་ཉུང་བ་དང་ནུས་པ་མང་བ། རིན་གོང་དམའ་ལ་སྤུས་ཀ་ཡག་པོ་བཅས་འདུགཕྱོགས་ཚང་མའི་ཐད་གྲོང་ཁྱེར་ལས་ཞན་པ་མི་འདུག་ཅེས་བཤད་ཡོད་པ་རེད།གྲོང་ཁུལ་གྱི་ཀྲེ་པུའུ་ཧྲུའུ་ཅི་ཁུང་ཧྥན་ཤིན་གྱིས།གོང་ཁེའི་བོགས་གཏོང་ཁང་པའི་ནང་གནས་སྤོས་བྱས་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་གྲོང་ཁུལ་གྱིས་རིན་མེད་དུ་ཁྱིམ་ཚང་སོ་སོར་ཧྲ་ཧྥ་ཆ་ཚང་གཅིག་དང་། ཚོན་ཁྲའི་བརྙན་འཕྲིན་གཅིགཐབ་ཆས་ཆ་ཚང་གཅིགཉལ་གདན་ཆ་ཚང་གཅིག་བཅས་ཆ་སྦྱོར་བྱས་ཡོད།དེའི་དམིགས་ཡུལ་ནི་ང་ཚོའི་མང་ཚོགས་ཚང་མ་སྒྲིག་ཆས་ཆ་ཚང་བའི་ཁང་པ་ཡག་ཙམ་ཞིག་ནང་སྡོད་རྒྱུ་ཡོང་ཆེད་ཡིན་ཞེས་གསུངས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག