མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཟླ1པོར་སྤྱི་ཚོགས་ཀྱིས་མ་དངུལ་སྒོར་དུང་ཕྱུར25800བསྡུ་གསོག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-16 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་གོ་མི་དམངས་དངུལ་ཁང་གིས་སྤྱི་ཚེས15ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་གསལ་བར།སྤྱི་ལོ2014ལོའི་ཟླ1པོར་སྤྱི་ཚོགས་ཀྱིས་མ་དངུལ་བསྡུ་གསོག་བྱས་པའི་གཞི་ཁྱོན་སྒོར་དུང་ཕྱུར25800ཟིན་པ་དང་ཟླ་བ་རྐྱང་པའི་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་སྐྲུན་ཡོད་པ་དང་དེའི་ནང་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར13200མང་དུ་ཕྱིན་པ་དང་དེས་ཀྱང་ཉེ་ལམ་ལོ་བཞིའི་ནང་གི་ཆུ་ཚད་མཐོ་ཤོས་སྐྲུན་ཡོད་པ་རེད། དབྱེ་ཞིབ་མི་སྣས་མ་དངུལ་བསྡུ་གསོག་བྱེད་ཤུགས་ཆེ་བའི་ཐོག་ནས་གསལ་སྟོན་ཐུབ་གསལ་ལ་མིག་སྔར་ཁེ་ལས་དཔལ་འབྱོར་གྱི་མ་དངུལ་དགོས་མཁོ་སྔར་བཞིན་བརྟན་པོ་ཡོད་པ་དང་མ་འོངས་པར་ཀྲུང་དབྱང་དངུལ་ཁང་ནས་དངུལ་ལོར་སྲིད་ཇུས་ལྷུག་ཏུ་གཏོང་ཚད་དེའི་རྐྱེན་པས་ཆེས་ཆེར་ཆག་རྒྱུ་ཡིན་པའི་ངོས་འཛིན་གནང་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག