མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཞིབ་མཆན་དོན་དག་སྐོར་ཞིག་ཡང་བསྐྱར་མེད་པར་བཏང་བ་དང་མར་སྤྲད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཉེ་སྔོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཞིབ་མཆན་རྣམ་གྲངས་སྐོར་ཞིག་མེད་པར་གཏོང་བ་དང་མར་སྤྲོད་པའི་ཆོད་དོན»དཔར་ནས་བཀྲམས་ཏེ།སྲིད་འཛིན་ཞིབ་མཆན་དོན་སྣ་རེ་བཞི་དང་རྣམ་གྲངས་ཆུང་བ་བཅོ་བརྒྱད་ཡང་བསྐྱར་མེད་པར་བཏང་བ་དང་མར་སྤྲད། དེས་མི་ཚད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་ནས་བཙུགས་པའི་སྲིད་འཛིན་ཞིབ་མཆན་རྣམ་གྲངས་དྲུག་མེད་པར་གཏོང་བ་དང་མར་སྤྲོད་རྒྱུའི་གྲོས་གཞི་བཏོན་པ་དང་། ཁྲིམས་བཀོད་གོ་རིམ་ལྟར་དུ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འབྲེལ་ཡོད་བཅའ་ཁྲིམས་བཟོ་བཅོས་བྱེད་རྒྱུའི་རེ་བ་ཞུ་རྒྱུ་རེད།

འདི་ནི་སྐབས་འདིའི་ཀྲུང་དབྱང་སྲིད་གཞུང་གིས་མེད་པར་བཏང་བ་དང་མར་སྤྲད་པའི་སྲིད་འཛིན་ཞིབ་མཆན་སོགས་ཀྱི་དོན་སྣ་སྐོར་ལྔ་བ་ཡིན་ལ།འགྲོ་ལུགས་སྟབས་བདེར་བྱེད་པ་དང་དབང་ཆ་མར་སྤྲོད་པའི་ཐད་ནས་མུ་མཐུད་གོམ་སྟབས་བརྟན་པོ་སྤོས།

ཐེངས་འདིར་མེད་པར་བཏང་བ་དང་མར་སྤྲད་པའི་སྲིད་འཛིན་ཞིབ་མཆན་དོན་སྣ་དེ་དག་བསྡོམས་པས་སྡེ་ཁག་ཉེར་བཞི་ལ་འབྲེལ་བ་ཡོད་པ་དང་།དེའི་ནང་དུ་རྣམ་གྲངས་ཅུང་མང་པོར་འབྲེལ་བ་ཡོད་པ་ལ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། རྒྱལ་ཁོངས་ཐོན་ཁུངས་པུའུ།དམངས་སྤྱོད་མཁའ་འགྲུལ་པུའུ་སོགས་སྡེ་ཁག་ཡོད།ཐེངས་འདིར་མེད་པར་བཏང་བ་དང་མར་སྤྲད་པའི་སྲིད་འཛིན་ཞིབ་མཆན་དོན་སྣ་ལ་ཁྱད་ཆོས་གཉིས་ཡོད་དེ།གཅིག་ནི་ཐོན་སྐྱེད་བདག་གཉེར་ཁྱབ་ཁོངས་འབུར་དུ་ཐོན་པར་བྱས་ཡོད་པ་དང་། ཅིག་ཤོས་ནི་ཕན་ཁེ་ཐོབ་རྒྱ་སྔར་ལས་ཇེ་ཆེར་བཏང་ཡོད་པ་དེ་རེད།

«ཆོད་དོན»དེ་ལས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མེད་པར་བཏང་བ་དང་མར་སྤྲད་པའི་དོ་དམ་རིམ་པའི་སྲིད་འཛིན་ཞིབ་མཆན་རྣམ་གྲངས་ཀྱི་དངོས་འབེབ་དང་སྦྲེལ་མཐུད་བྱ་བ་དམ་འཛིན་བཟང་པོ་བྱེད་དགོས་པ་མ་ཟད། ལྟ་རྟོག་དོ་དམ་ལ་དངོས་སུ་ཤུགས་སྣོན་དགོས་པ་དང་།སྲིད་འཛིན་ཞིབ་མཆན་ལམ་ལུགས་ཀྱི་བཅོས་སྒྱུར་མུ་མཐུད་ཤུགས་ཆེན་པོས་སྤེལ་ནས།འགྲོ་ལུགས་སྟབས་བདེར་བྱེད་པ་དང་དབང་ཆ་མར་སྤྲོད་པ་དེ་རྒྱུན་སྲིང་གི་བཅོས་སྒྱུར་འགུལ་སྐྱོད་ཅིག་ཏུ་བསྒྱུར་དགོས་ལ། ལྟ་རྟོག་ཚོད་འཛིན་སྒྲིག་ལུགས་འཐུས་ཚང་དུ་གཏོང་བ་དང་།སྲིད་འཛིན་ཞིབ་མཆན་དབང་ཆའི་བཀོལ་སྤྱོད་ལ་ལྟ་རྟོག་ནན་མོ་བྱས་ཏེ།སྲིད་གཞུང་དོ་དམ་གྱི་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག