མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་སྟོབས་ཤུགས་ཡོད་རྒུས་ལོ་སར་ནས་ཕྱིར་འགྲོ་བའི་མི་རྣམས་བརྟན་བརླིང་དང་གོ་རིམ་ཡོད་པའི་སྒོ་ནས་སྐྱེལ་བར་ཁག་ཐེག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་སར་རྗེས། རང་རྒྱལ་གྱི་དབུས་ཤར་ས་ཁུལ་དུ་གཞི་རྒྱ་ཆེ་བའི་ཁངས་ཆར་གྱི་ནམ་ཟླ་བྱུང་ནས། ལོ་སར་ནས་ཕྱིར་འགྲོ་བའི་མི་རྣམས་ཀྱི་འགྲུལ་བཞུད་ལ་གནོད་པ་བཟོས། གསར་འགོད་པས་ཚེས་བཅོ་ལྔ་ཉིན་ལྕགས་ལམ་སྤྱི་བདེ་ཅུའུ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ནམ་ཟླ་ངན་པའི་ཤུགས་རྐྱེན་ལས་བྱུང་བའི་ལྕགས་ལམ་སྟེང་གི་འགྲུལ་བ་བཀག་སྟེ་ཇེ་མང་དུ་སོང་བ་དང་།མེ་འཁོར་མང་པོ་རྗེས་སུ་བསྣུར་བ་སོགས་ཀྱི་གནད་དོན་ལ་ཁ་གཏད་འཇལ་ཆེད། རང་རྒྱལ་གྱི་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་སྒྲིག་ལམ་སྲུང་སྐྱོབ་དང་འགྲུལ་བར་ཁྲིད་སྟོན།མང་ཚོགས་ཞབས་ཞུ་སོགས་ཀྱི་བྱ་བར་ཤུགས་བསྣན་པས།མིག་སྔར་རང་རྒྱལ་གྱི་ལྕགས་ལམ་ས་ཚིགས་སོ་སོའི་སྒྲིག་ལམ་དམ་པོ་ཡིན་ལ་ས་ཚིགས་ཀྱི་བདེ་འཇགས་ཧ་ཅང་བཟང་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན་མིག་སྔར་རིམ་པ་སོ་སོའི་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་འགྲུལ་བའི་ཁ་གྲངས་ཀྱི་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ཏེ།འཕྲལ་བསྟུན་མགོ་ཁྲིད་ཚན་ཆུང་བཙུགས་པ་མ་ཟད།ཁྱབ་སྒྲོག་ལམ་ལུགས་བཙུགས་ཏེ།ཡུལ་དངོས་ནས་བཀོད་འདོམས་དང་དུས་ངེས་མེད་དུ་ཁ་གཏད་བྱེད་ཐབས་སྤྱད་ནས་སྟོབས་ཤུགས་ཡོད་རྒུས་ནམ་ཟླ་ངན་པ་ལས་བྱུང་བའི་གནས་ཚུལ་ལ་ཁ་གཏད་འཇལ་བཞིན་ཡོད།

དེས་མི་ཚད་ཁངས་ཆར་ལས་མེ་འཁོར་གྱི་བདེ་འཇགས་ལ་གནོད་པ་འབྱུང་བར་བཀག་འགོག་བྱེད་ཆེད།ས་ཆ་སོ་སོའི་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་ས་ཁུལ་གཙོ་བོ་དང་དུས་མཚམས་གཙོ་བོ། གོ་རིམ་གཙོ་བོ་བཅས་ལ་སྐོར་གཡེང་ཞིབ་བཤེར་བྱེད་པ་དང་མཚན་མོར་ལྟ་སྲུང་བྱེད་པར་ཤུགས་བསྣན་ཡོད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག