མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཟླ1པོར་ཀྲུང་གོའི་ཡུལ་མིའི་འཛད་སྤྱོད་རིན་གོང2.5%འཕར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-16 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྒྱལ་ཁབ་སྡོམ་རྩིས་ཅུས་ཡིས་སྤྱི་ཚེས14ཉིན་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ལྟར་ན།2014ལོའི་ཟླ1པོར་ཀྲུང་གོའི་ཡུལ་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཚད་གཞི་དུས་མཚུངས་ལས2.5%འཕར་ཡོད་པ་དང་འཕར་ཚད་སྤྱི་ལོ2013ལོའི་ཟླ་བ12པ་དང་གཅིག་མཚུངས་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཟས་རིགས་རིན་གོང་ནི་ཟོག་གོང་འཕར་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་སྤྱི་ཟླ་དང་པོར་ཟ་རིགས་རིན་གོང་དུས་མཚུངས་དང་བསྡུར་ན3.7འཕར་ཡོད་པ་དང་ཡུལ་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས་འཕར་བར་ཤུགས་རྐྱེན་བཟོས་པས་བརྒྱ་ཆའི་གནས1.23ཟིན་ཡོད་པ་རེད།

རྒྱལ་ཁབ་སྡོམ་རྩིས་ཅུས་གྲོང་ཁྱེར་སིའི་མཐོ་རིམ་སྡོམ་རྩིས་དབུ་ཆེན་ཡུལ་ཆིའུ་མེའི་ཡིས་སྤྱི་ཟླ1པོར་ཟ་རིགས་ཁག་ཅིག་གི་རིན་གོང་ཚད་གཞི་མི་འདྲ་བའི་ཐོག་ནས་འཕར་ཡོད་པ་དང་དེ་ནི་གཙོ་བོ་དུས་ཆེན་གྱི་རྒྱུ་རྐྱེན་གྱིས་ཤུགས་རྐྱེན་བཟོས་པ་ཞིག་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག