མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་གནོད་སེལ་དངོས་ཟོག་ཁག་དང་པོ་ཤིན་ཅང་ཡུ་ཐན་གནོད་འཚེ་ཕོག་ཁུལ་དུ་འབྱོར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-16 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གྲམ་དམར་པོ་ཚོགས་པའི་དྲ་ཚིག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ2པའི་ཚེས13ཉིན་གྱི་ཆུ་ཚོད17དང་སྐར་མ19ཐོག ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་གནོད་སེལ་དངོས་ཟོག་ཁག་དང་པོ་ཤིན་ཅང་ཡུ་ཐན་རྫོང་གི་ས་ཡོམ་རྒྱག་ཁུལ་དང་ཐག་ཉེ་ཤོས་ཀྱི་གནོད་འཚེ་ཕོག་ཁུལ་ཨ་ཆང་ཤང་ཕི་ཧྲེ་ཀས་གྲོང་ཚོར་འབྱོར་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།སྤྱི་ཟླ2པའི་ཚེས12ཉིན་གྱི་ཆུ་ཚོད17དང་སྐར་མ19ཐོག་ཤིན་ཅང་ཡུ་ཐན་རྫོང་དུ་ས་ཡོམ་རིམ་པ7.3བརྒྱབ་རྗེས་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་ཛ་དྲག་ངང་ཁ་ཧྲེ་ས་ཡོམ་གྲ་སྒྲིག་ལྟེ་གནས་ནས་སྲིང་བལ་གྱི་གུར60དང་སྲིང་བལ་གྱི་ཕོ་ཁེབས800གནོད་འཚེ་ཕོག་ཁུལ་དུ་དབོར་འདྲེན་བྱས་ནས་ཡོམ་འགོག་གནོད་སེལ་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད། ཝ་ཧ་ཧ་ཚོགས་པས་ཡུ་ཐན་རྫོང་རྒྱ་གྲམ་དམར་པོ་ཚོགས་པ་བརྒྱུད་གཏེར་ཆུ་དོ་པོ200དང་འཐུང་བྱ་སྒམ500ཞལ་འདེབས་བརྒྱབ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།

དམངས་སྲིད་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།སྤྱི་ཟླ2པའི་ཚེས14ཉིན་གྱི་ཆུ་ཚོད7པའི་བར་སླེབས་སྐབས།ཡུ་ཐན་གྱི་ས་ཡོམ་རིམ་པ7.3གྱིས་ཧོ་ཐན་གྱི་ཡུ་ཐན་དང་མིང་ཧྥུང་། ཚེ་ལ།བློ་ཕུ།མོ་ཡུལ།ཧོ་ཐན་སོགས་རྫོང6གི་མི58000ལ་གནོད་འཚེ་བཟོས་པ་དང་ཐད་ཀའི་དཔལ་འབྱོར་གྱོང་རྒུན་སྒོར་དུང་ཕྱུར2.7བཟོས་ཡོད་ཅིང་མིག་སྔར་མི་སྣ་ཤི་རྨས་ཀྱི་སྡོམ་རྩིས་བརྒྱབ་མེད་པ་དང་ཞིབ་ཕྲའི་གནོད་འཚེའི་གནས་ཚུལ་སྡོམ་རྩིས་སྔར་ལས་ལྷག་པ་རྒྱག་བཞིན་ཡོད་པ་རེད།    །།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག