མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོ་ནང་སོག་གིས་གཞུང་གཉེར་རྒན་གསོའི་ལས་ཁུངས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་རིམ་བཞིན་སྤེལ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-16 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ལྗོངས་ཡོངས་ཀྱི་གཞུང་གཉེར་རྒན་གསོའི་ལས་ཁུངས་ཀྱི་གསོན་ཤུགས་འཕེལ་བ་བྱེད་ཆེད་ནང་སོག་རང་སྐྱོང་ལྗོངས་ཀྱིས་ད་ལོ་གོམ་པ་རིམ་བགྲོས་ཐོག་ནས་གཞུང་གཉེར་རྒན་གསོའི་ལས་ཁུངས་ཀྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་འགོ་འཛུགས་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཚོད་ལྟའི་སྲོག་ཤིང་ལས་འགན་ནི་གཞུང་གཉེར་རྒན་གསོའི་ལས་ཁུངས་གཞུང་བཙུགས་དམངས་གཉེར་བྱེད་རྒྱུ་ཁྱབ་གདལ་གཏོང་རྒྱུ་དེ་ཡིན་པ་རེད།

ད་ལོ་ནས་བཟུང་ནང་སོག་གི་གཞུང་གཉེར་རྒན་གསོའི་ལས་ཁུངས་དང་ལྷག་དོན་དུ་གསར་བཙུགས་ལས་ཁུངས་ཀྱིས་རིམ་བཞིན་གཞུང་བཙུགས་དམངས་གཉེར་སོགས་ཀྱི་རྣམ་པ་བརྒྱུད་སྤྱི་ཚོགས་སྟོབས་ཤུགས་ནས་ཁེ་གཉེར་བྱེད་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་པ་དང་ཁེ་གཉེར་ཁ་གསབ་དང་ཞབས་ཞུ་ ཉོ་སྒྲུབ་སོགས་ཀྱི་རྣམ་པ་བརྒྱུད་གཞུང་བཙུགས་དམངས་གཉེར་ལས་ཁུངས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་གཞུང་གཉེར་རྒན་གསོའི་ལས་ཁུངས་ཀྱི་དབང་བའི་དབང་ཆ་དང་ཚོང་གཉེར་དབང་ཆ་ལོགས་སུ་དབྱེ་ནས་ཚོང་གཉེར་དབང་ཆ་དེ་ཁྲིམས་ལྟར་ཁེ་བཟང་མེད་པའི་སྤྱི་ཚོགས་སྒྲིག་འཛུགས་སོགས་སྤྱི་ཚོགས་ཀྱི་གཙོ་གཟུགས་ཁེ་གཉེར་ལ་རྩིས་སྤྲོད་བྱེད་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།ཕྱི་ཕྱོགས་ལ་འགན་གཙང་སྤྲད་པའི་གཞུང་གཉེར་རྒན་གསོའི་ལས་ཁུངས་ཀྱིས་འགན་གཙང་ལེན་པའི་འགྲོ་གྲོན་མི་བསྡུ་འམ་ཉུང་ཙམ་བསྡུ་བ་དང་གནས་ཚུལ་ལ་གཞིགས་ནས་ཉེན་ཁའི་གཏའ་མ་འཇོག་པའི་དངུལ་ངེས་གཏན་བསྡུ་ཆོག་གི་ཡོད་པ། ཁེ་གཉེར་འགན་འཁུར་མཁན་ལས་ཁུངས་ཀྱིས་རྩ་དོན་ཐོག་ནས་ཆུ་དང་གློགདྲོད་རླངས།འབར་རླངས།སྐུད་ཡོད་བརྙན་འཕྲིན།ཁང་པ།དེ་བཞིན་སྒྲིག་ཆས་ཉམས་བཟོའི་གླ་རིན་བཅས་འགན་འཁུར་བ་མ་ཟད་རིམ་ཁག་ནོར་སྲིད་ཉལ་ཁྲི་ཚོང་གཉེར་ཁ་གསབ་ལོངས་སྤྱོད་བྱས་ཆོག་གི་ཡོད་པ་རེད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག